ཧིན་རྡུ་ཉི་ཞི་ཡཱའི་ཐཱ་ལའོ་གླིང་ཚོམས་ཉེ་འདབས་ཀྱི་མཚོ་ཁོངས་སུ་ཚད་རིམ6.6གི་ས་ཡོམ་བྱུང་།
ཧིན་རྡུ་ཉི་ཞི་ཡཱའི་སུའུ་ལཱ་ཝེ་ཞི་བྱང་མ་ཞིང་ཆེན་གྱི་ཐཱ་ལའོ་གླིང་ཚོམས་ཀྱི་ཤར་ལྷོའི་ཕྱོགས་ཀྱི་སྤྱི་ལེ67མཚམས་ཀྱི་མཚོ་ཁོངས་སུ་ཚེས22ཉིན་ཚད་རིམ6.6གི་ས་ཡོམ་བྱུང་བ་དང་། མིག་སྔར་མི་སྣར་ཤི་རྨས་དང་རྒྱུ་ནོར་གྱོང་གུད་བྱུང་བའི་སྙན་ཞུ་བསྒྲགས་མེད།
ཧིན་རྡུ་ཉི་ཞི་ཡཱའི་གནམ་གཤིས་དང་ནམ་ཟླ། སའི་གོ་ལའི་དངོས་ལུགས་ཅུའུ་ཡིས་བསྒྲགས་པ་ལྟར་ན། ས་ཡོམ་དེ་ཚེས22ཉིན་གྱི་ཕྱི་དྲོའི་དུས་ཚོད་ལྔ་དང་སྐར་མ་བཅུ་བདུན་སྟེང་བྱུང་བ་དང་། ས་ཡོམ་དེའི་གཏིང་ཚད་ལ་སྤྱི་ལེ་བརྒྱ་དང་བདུན་ཡོད་ལ། ས་ཡོམ་ལས་རྒྱ་མཚོ་འཕྱུར་བའི་གནས་ཚུལ་འབྱུང་མི་སྲིད་ཟེར།
སུའུ་ལཱ་ཝེ་ཞི་བྱང་མ་ཞིང་ཆེན་གྱི་གནོད་འགོག་ལས་དོན་ཁང་གི་མགོ་བ་ལོས་ཕིས་ཀྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། མིག་སྔར་ཁང་བ་སོགས་ལ་ས་ཡོམ་ཁྲོད་གཏོར་སྐྱོན་ཐེབས་པའི་གནས་ཚུལ་མེད་ཟེར།
ཧིན་རྡུ་ཉི་ཞི་ཡཱ་དེ་ཞི་བདེ་རྒྱ་མཚོ་ཆེན་མོས་བསྐོར་བའི་ས་ཡོམ་མང་སའི་ས་ཁུལ་དུ་གནས་པ་དང་། ས་ཤུན་གྱི་འགུལ་སྐྱོད་མང་བས། ལོ་རེར་ས་ཡོམ་ཆེ་ཆུང་སྟོང་ཕྲག་འགའ་འབྱུང་བཞིན་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注