མདོ་ལ་རྫོང་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་གྱི“སེ་འབྲུའི་མེ་ཏོག་བཞད། མདོ་ལའི་ཕུགས་འདུན་བསྙེག”ཅེས་པའི་བརྗོད་དོན་གཙོ་བོའི་ལག་ལེན་བྱེད་སྒོ་དངོས་སུ་འགོ་བརྩམས་པ།
ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སློབ་གསོ་རྒྱུན་མཐུད་གཏིང་ཟབ་ཏུ་སྤེལ་བ་དང་། མི་རིགས་ཁག་གི་འགྲོ་འོང་བརྗེ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་ནུས་ལྡན་བཏང་སྟེ། མདོ་ལའི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ལས་མདོ་ལའི་རབ་བྱེད་ཧུར་ཐག་གིས་རྩོམ་དགོས།
ཟླ4པའི་ཚེས23ཉིན། མདོ་ལ་རྫོང་གིས་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་ཀྱི“སེ་འབྲུའི་མེ་ཏོག་བཞད། མདོ་ལའི་ཕུགས་འདུན་བསྙེག”ཅེས་པའི་བརྗོད་དོན་གཙོ་བོའི་ལག་ལེན་བྱེད་སྒོ་དེ་ཝོའུ་ཁུང་གསོལ་མགྲོན་ཁང་དུ་དངོས་སུ་སྤེལ་འགོ་ཚུགས་པ་དང་། ཞལ་འདེབས་འབུལ་བའི་མཛད་སྒོ་སྤེལ། རྫོང་ཡོངས་ཀྱི་ཏང་ཕྱིའི་ལས་ཀ་དང་། ཆོས་ལུགས་ཁྱབ་ཁོངས། སྤྱི་དབང་མ་ཡིན་པའི་དཔལ་འབྱོར་ཁྱབ་ཁོངས། སྤྱི་ཚོགས་རིམ་གྲས་གསར་པའི་མི་སྣའི་མཛའ་འབྲེལ་ལྷན་ཚོགས། གཞི་རིམ་གྱི་འཐབ་ས་དང་པོར་མི་རིགས་ལས་དོན་སྒྲུབ་པའི་ལས་བྱེད་པ་སོགས་འཐུས་མི20དང་། དེ་བཞིན་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་མཛད་སྒོར་ཞུགས།
ཀྲུང་གོའི་ཝོའུ་ཁུང་ཏང་དམངས་ལས་དོན་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲང་ཡུང་དང་། རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ལིའུ་ཀྲིན་ཁྲོན། རྫོང་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཉིའུ་ཀླུ་འབུམ་སྐྱབས་བཅས་བྱེད་སྒོར་ཞུགས།
ཞལ་འདེབས་འབུལ་བའི་མཛད་སྒོའི་ཐོག ཉིའུ་ཀླུ་འབུམ་སྐྱབས་ཀྱིས་མདོ་ལ་རྫོང་འཐབ་ཕྱོགས་གཅིག་གྱུར་ཁྱབ་ཁོངས་ཀྱི་ཚབ་བྱས་ནས་གཏེར་ལྔ་ཚྭ་མཚེའུ་ཚད་ཡོད་ཀུང་སིར་གཟེངས་བསྟོད་དར་ཆ་ཕུལ་བ་དང་འབྲེལ་ཤིས་ཚིག་སྤེལ། ཤིས་ཚིག་ཁྲོད། ཉེ་བའི་ལོ་ཤས་རིང་ཀྲུང་གོའི་ཝོའུ་ཁུང་དང་ཝོའུ་ཁུང་ཚད་ཡོད་ཀུང་སིས་མདོ་ལ་རྫོང་གི་དཔལ་འབྱོར་སྤྱི་ཚོགས་བྱ་གཞག་ཁག་ལ་རྒྱབ་སྐྱོར་ཤུགས་ཆེར་གནང་བ་དང་། “ལོ་ཆུང་གཞོན་ནུའི་ཞིབ་སློབ་ཁང”དང“བརྩེ་སེམས་ཐུམ་སྒྲིལ” “ལྷའི་ཕོ་ཉའི་ལས་གྲྭ” “སློབ་གསོའི་བྱམས་བརྩེའི་ཡིད་རྟོན་མངག་བཅོལ”སོགས་ཁྱད་ཆོས་ལྡན་པའི་ལས་གཞི་རྒྱ་ཁྱབ་ཏུ་ལག་བསྟར་བྱས་པས། ཀྲུང་དབྱང་ཁེ་ལས་ཀྱིས་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོའི་འགན་སྲུང་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་པའི་འགན་འཁྲི་མངོན་པར་མཚོན་ལ། སེ་འབྲུའི་མེ་ཏོག་བཞད་པའི་ཡིད་དུ་འོངས་པའི་རེ་སྨོན་དེ་ལག་ལེན་ཁྲོད་བཀྲག་མདངས་འཚེར་བར་བྱས་ཞེས་བསྟན།
ལིའུ་ཀྲིན་ཁྲོན་གྱིས་བསྟན་དོན། མདོ་ལ་རྫོང་དུ་མི་རིགས་སྣ་མང་མཉམ་འདུས་དང་ཆོས་ལུགས་སྣ་མང་མཉམ་གནས། རིག་གནས་སྣ་མང་མཉམ་འདྲེས་སུ་གནས་ཤིང་། ཉེ་བའི་ལོ་ཤས་རིང་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་གཙོ་ཐིག་ཏུ་བཟུང་སྟེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་ལས་དོན་ལ་སྐུལ་འདེད་གཏིང་ཟབ་ཏུ་བཏང་བས་མི་རིགས་ཁག་འཆམ་མཐུན་མཉམ་གནས་དང་ཕྱར་བ་གྲུ་འདེགས། འཆམ་མཐུན་འཕེལ་རྒྱས་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པར་མ་ཟད། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཐེངས་འདིའི་ལག་ལེན་བྱེད་སྒོར་གསར་བརྗེའི་ཞིབ་སློབ་དང་། ཁེ་ལས་ཀྱི་འདྲི་ཞིབ། རིག་གནས་ཉམས་ལེན་སོགས་ཀྱི་ལྷུ་ཚིགས་ཁག་ཇུས་འགོད་ཞིབ་མོ་བྱས་ཡོད་ལ། དམིགས་སྒོ་ནི་མི་རིགས་ཁག་གི་སྤུན་ཟླའི་བར་བརྩེ་དུང་སྔར་བས་ཇེ་ཟབ་ཏུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་རྒྱུ་དེ་ཡིན། རྟོག་ཞིབ་ཚོགས་པའི་ཁོངས་མིས་རང་རང་གིས་ལས་རིགས་མི་འདྲ་བའི་མང་ཚོགས་དང་འབྲེལ་འདྲིས་བྱེད་པའི་དགེ་མཚན་འདོན་སྤེལ་བྱ་དགོས་ལ། རྟོག་ཞིབ་སློབ་སྦྱོང་གི་གྲུབ་འབྲས་དང་ཟུང་འབྲེལ་སྒོས་ཏང་ཀྲུང་དབྱང་གི་སྲིད་ཇུས་དང་། ཞིང་ཆེན་དང་ཁུལ། རྫོང་ཨུའི་བཀོད་སྒྲིག་བཅས་ལས་རིགས་ཁག་གི་མང་ཚོགས་ལ་སྔར་བས་ལེགས་པའི་སྒོ་ནས་འཆད་ཅིང་། རྫོང་ཡོངས་ལས་བྱེད་མང་ཚོགས་ཀྱི་བློ་གྲོས་དང་སྟོབས་ཤུགས་དེ་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་ལྡན་པའི་དེང་རབས་ཅན་གྱི་མདོ་ལ་གསར་བ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་གསར་པའི་ཐོག་གཅིག་ཏུ་བསྒྲིལ་ནས། ཧུར་ཐག་ངང་རྫོང་ཁོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བློ་འདོན་ཇུས་འབུལ་བྱས་ཏེ་ལྟེ་མཐུན་སྒོར་དབྱིབས་ཆེན་མོ་ལྷན་ཅིག་འབྲི་དགོས།
ཀྲང་ཡུང་གིས་གཏམ་བཤད་ཁྲོད་བསྟན་དོན། ཀྲུང་གོའི་ཝོའུ་ཁུང་དང་ཁོངས་གཏོགས་ཁེ་ལས་ཀྱིས་ཐོག་མཐའ་བར་གསུམ་དུ“རྒྱལ་ཁབ་ཀྱི་ཇུས་ཆེན”ཡིད་ལ་བརྟན་པོར་བཅངས་ཤིང་། སྤྱི་ཚོགས་འགན་འཁྲི་ལག་བསྟར་ཧུར་ཐག་སྒོས་ས་གནས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་སྐྱོར་བྱས་ཡོད། ཐེངས་འདིར་མདོ་ལ་རྫོང་གི་འཐབ་ཕྱོགས་གཅིག་གྱུར་མི་སྣའི་སློབ་སྦྱོང་འབྲེལ་འདྲིས་བྱེད་སྒོར་མཐུན་རྐྱེན་སྦྱར་བ་ནི་ཀྲུང་དབྱང་ཁེ་ལས་ཀྱིས་རྒྱལ་ཁབ་འཐབ་ཕྱོགས་གཅིག་གྱུར་བྱ་བའི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་དགོས་པའི་འགན་འཁྲི་ཡིན་པར་མ་ཟད། ཀྲུང་གོའི་ཝོའུ་ཁུང་དང་ཝོའུ་ཁུང་ཚྭ་མཚེའུ་ཡིས་མདོ་ལ་རྫོང་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་མཉམ་དུ་འཕེལ་རྒྱས་ལ་བརྩོན་པའི་ལག་ལེན་དངོས་ཀྱང་ཡིན། ཐེངས་འདིའི་བརྗོད་དོན་གཙོ་བོའི་ལག་ལེན་བྱེད་སྒོ་བརྒྱུད་ནས། ཚང་མའི་ཕུགས་བསམ་དང་དད་མོས་སྔར་བས་སྲ་བརྟན་དུ་གཏོང་བ་དང་། མཐོང་རྒྱ་དང་བསམ་ཕྱོགས་རྒྱ་བསྐྱེད་པ། ལག་ལེན་གྱི་ནུས་པ་ཇེ་ཆེར་གཏོང་བ་བཅས་བྱས་ཏེ། མདོ་ལའི་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་སྔར་བས་མང་བ་ཕུལ་ཐོག མདོ་ལའི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་མང་བའི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་ཐུབ་པར་སྨོན། ཀྲུང་གོའི་ཝོའུ་ཁུང་གིས་ཀྱང་མདོ་ལ་རྫོང་གི་མི་རིགས་འགྲོ་འོང་བརྗེ་རེས་དང་མཉམ་འདྲེས་ལས་དོན་ལ་རྒྱུན་མཐུད་ངང་གཞོགས་འདེགས་བྱས་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་ངེས།
འགོ་ཚུགས་མཛད་སྒོའི་ཐོག རྟོག་ཞིབ་ཚོགས་པའི་འཐུས་མི་དང་རུ་སྣེ་ཁྲིད་པའི་འགོ་ཁྲིད་ཀྱིས་སོ་སོར་གཏམ་བཤད་སྤེལ་བ་དང་འབྲེལ་གཟེངས་བསྟོད་དར་ཆ་སྤྲོད་པའི་མཛད་སྒོ་འཚོགས། དེ་རྗེས་ས་ཚིགས་དང་པོ་སྟེ་ཝོའུ་ཁུང་ཚྭ་མཚེའུ་ཚད་ཡོད་ཀུང་སིའི་ཟི་ལིང་གཞུང་ལས་ཁུལ་དུ་རྟོག་ཞིབ་བརྗེ་རེས་བྱས་པ་དང་། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་པའི་འབྲེལ་ཡོད་ཤེས་བྱར་ལྟ་སྐོར་སློབ་སྦྱོང་དང་། མདོ་ལ་ནས་ཆས་ཏེ་ཀྲུང་དབྱང་ཁེ་ལས་སུ་བསྐྱོད་པ་དང་རྒྱལ་སར་བསྐྱོད་པས། མདོ་ལ་རྫོང་འཐབ་ཕྱོགས་གཅིག་གྱུར་གྱི་ལས་རིགས་ཁག་སོ་སོའི་འཐུས་མི་རྣམས་ཀྱི་མཐོང་རྒྱ་སྔར་ལས་ཆེ་རུ་བསྐྱེད་ངེས་ལ། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་དུ་མི་རིགས་ཁག་གིས་ཐུན་མོང་ཐོག་གསར་གཏོད་བྱས་པའི་འོད་སྟོང་འཕྲོ་བའི་རིག་གནས་འཚོལ་ཞིབ་དང་། མི་རིགས་ཁག་གིས་དུས་རབས་གསར་པར་ལག་གདང་སྦྲེལ་ནས་མདུན་དུ་སྐྱོད་པའི་མི་སེམས་འགུལ་བའི་གཏམ་རྒྱུད་ལ་རོལ་མྱོང་བྱས་ཤིང་། མི་རིགས་ཁག་བར་གྱི་ཁྲག་རྒྱུད་མཉམ་འདྲེས་དང་བདེ་སྡུག་མཉམ་མྱོང་གི་བརྩེ་དུང་ཟབ་མོ་སྔོག་འདོན་བྱས་ནས། རླབས་ཆེན་མེས་རྒྱལ་གྱི་བཅོས་བསྒྱུར་འཕེལ་རྒྱས་ཀྱི་བརྒྱུད་རིམ་དང་འོད་སྟོང་འབར་བའི་གྲུབ་འབྲས་ཤེས་རྟོགས་བྱ་ཐུབ་ལ། ཏང་གཅེས་རྒྱལ་གཅེས་ཀྱི་བརྩེ་སེམས་རྒྱུན་ཆད་མེད་པར་ཆེ་རུ་བསྐྱེད་དེ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་དེ་མི་སེམས་ཀྱི་ཟབ་སར་ཟུག་པར་བྱ་དགོས
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注