ཝུའུ་ཁི་ལན་གྱི་ཕྱི་འབྲེལ་བློན་ཆེན་གྱིས་ཝུའུ་ཁི་ལན་གྱིས་ཞི་བདེ་ཐད་འབད་འབུངས་བྱེད་པ་བསྐྱར་སྒྲོག་བྱས།
ཝུའུ་ཁི་ལན་གྱི་ཕྱི་འབྲེལ་བློན་ཆེན་སི་པུས་ཅཱ་ཡིས་ཚེས23ཉིན་གྱི་དགོང་མོར་ཝུའུ་ཁི་ལན་གྱི་ཕྱི་འབྲེལ་པུའུ་ཡི་དཔོན་ཕྱོགས་དྲ་ཚིགས་སུ་རྩོམ་ཡིག་སྤེལ་ཏེ། ཝུའུ་ཁི་ལན་གྱི་འཐུས་ཚབ་ཚོགས་པས་ཉིན་དེར་དབྱིན་ཇི་དང་ཧྥ་རན་སི། འཇར་མན། ཨ་མེ་རི་ཁ་བཅས་ཀྱི་འཐུས་མིར་ཨ་མེ་རི་ཁ་གཙོ་བྱས་པའི་ཞི་བདེའི་བྱ་བར་འབད་འབུངས་བྱེད་པའི་ལངས་ཕྱོགས་བསྐྱར་སྒྲོག་བྱས་པ་དང་། ཕྱོགས་སོ་སོས་མུ་མཐུད་དུ་དུས་བཅད་ལྟར་གྲོས་མོལ་བྱེད་པར་འཐད་པ་བྱུང་ཟེར།
སི་པུས་ཅཱ་ཡིས་བཤད་རྒྱུར། ཉིན་དེར་ཁོ་དང་ཝུའུ་ཁི་ལན་གྱི་ཙུང་ཐུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཡེ་ཨར་མཱ་ཁི་དང་རྒྱལ་སྲུང་བློན་ཆེན་ཝུའུ་མཱེ་ལོ་ཧྥུའུ་བཅས་ཀྱིས་དབྱིན་ཇིའི་ལོན་ཏོན་ནས་དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་ལཱ་མུས་དང་རྒྱལ་སྲུང་བློན་ཆེན་ཞེ་ལེ་བཅས་ཀྱི་བར་ཕྱོགས་གཉིས་གྲོས་མོལ་སྤེལ་བ་དང་། དབྱིན་ཇི་དང་ཧྥ་རན་སི། འཇར་མན་བཅས་རྒྱལ་ཁབ་གསུམ་གྱི་བདེ་འཇགས་བློ་འདོན་པའི་བར་ཕྱོགས་མང་གྲོས་མོལ་བྱས་པ་ཡིན་ལ། མཇུག་མཐར་ཨ་མེ་རི་ཁའི་ཝུའུ་ཁི་ལན་གྱི་ལས་དོན་གྱི་ཆེད་མངག་ཕོ་ཉ་ཁའེ་ལོ་ཀི་དང་གྲོས་མོལ་བྱས་ཟེར།
སི་པུས་ཅཱ་ཡིས་བཤད་རྒྱུར། ཝུའུ་ཁི་ལན་ཕྱོགས་ཀྱིས་དབྱིན་ཇི་དང་ཧྥ་རན་སི། འཇར་མན་བཅས་རྒྱལ་ཁབ་གསུམ་གྱི་འཐུས་མིར་ཝུའུ་ཁི་ལན་གྱིས་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་མགོ་ཁྲིད་པའི་ཞི་བདེའི་བྱ་བར་འབད་འབུངས་བྱེད་རྒྱུ་ཡིན་པ་བསྐྱར་སྒྲོག་བྱས་པ་དང་། ཝུའུ་ཁི་ལན་གྱིས་ཕྱོགས་ཡོངས་ནས་འདྲ་མཉམ། རྒྱུན་མཐུད་བཅས་ཀྱི་ཞི་བདེ་ལ་སྐུལ་འདེད་གཏོང་འདོད་ཡོད། ཝུའུ་ཁི་ལན་ཕྱོགས་ཀྱིས་ཁའེ་ལོ་ཀི་དང་མཉམ་དུ་ཞི་བདེ་མངོན་འགྱུར་བྱེད་པའི་ཐབས་ལམ་ཐད་ནས་འཛུགས་སྐྲུན་རང་བཞིན་ལྡན་པའི་བརྗེ་རེས་བྱས་པ་དང་། ཝུའུ་ཁི་ལན་ཕྱོགས་ཀྱིས་འཐབ་འཁྲུག་མཇུག་སྒྲིལ་བར་འཚོལ་ཞིབ་བྱས་ཏེ་ཨ་མེ་རི་ཁ་དང་མཉམ་དུ་དམིགས་འབེན་དེ་མངོན་འགྱུར་བྱེད་འདོད་ཡོད་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注