འབར་མའི་དམག་ཕྱོགས་ཀྱིས་གནས་སྐབས་འཁྲུག་རྩོད་མཚམས་འཇོག་པའི་གསལ་སྒྲོག་སྤེལ།

འབར་མའི་རྒྱལ་སྲུང་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱིའི་གཞུང་སྒྲུབ་ཁང་གིས་ཚེས2ཉིན་གསལ་སྒྲོག་སྤེལ་ཏེ། རྒྱལ་ཡོངས་ཀྱི་ས་ཡོམ་གནོད་ཐེབས་མང་ཚོགས་ལ་བརྩེ་སེམས་བཅངས་ནས་སེམས་ཁུར་བྱེད་པ་དང་། རྒུད་སྐྱོབ་དང་བསྐྱར་འཛུགས་བྱ་བར་ཤུགས་སྣོན་པ། ཞི་བདེ་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ་བཅས་ཀྱི་ཆེད་དུ། 2025ལོའི་ཟླ4བའི་ཚེས2ཉིན་ནས་ཟླ4བའི་ཚེས22ཉིན་བར་གནས་སྐབས་འཁྲུག་རྩོད་མཚམས་འཇོག་རྒྱུ་ཡིན་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ས་ཡོམ་ཆེན་པོ་དང་དེའི་རྗེས་ཀྱི་ས་ཡོམ་ཆུང་བ་ལས་བགྲོད་ལམ་དང་ཟམ་པ། ཁང་བ་བཅས་ལ་གཏོར་བརླག་ཐེབས་ནས། མི་སྣར་ཤི་རྨས་བཟོས་ཡོད། འབར་མ་རྒྱལ་གཁབ་ཀྱིས་ནུས་པ་གང་ཡོད་ཀྱིས་མུ་མཐུད་དུ་རྒུད་སྐྱོབ་དང་བསྐྱར་འཛུགས་བྱ་བ་སྤེལ་བཞིན་ཡོད་ཟེར།

གསལ་སྒྲོག་ལས་ད་རུང་བཤད་རྒྱུར། གནས་སྐབས་འཁྲུག་རྩོད་མཚམས་འཇོག་པའི་སྐབས་སུ། མི་རིགས་ས་ཁུལ་གྱི་དྲག་ཆས་དང་དྲག་ཆས་རྩ་འཛུགས་གཞན་པས་མང་ཚོགས་ཀྱི་འགྲིམ་འགྲུལ་ལམ་ཐིག་ལ་འཇབ་རྒོལ་དང་བར་ཆད་བཟོས་མི་ཆོག་པ་དང་། ཚེ་སྲོག་དང་སྤྱི་བའི་རྒྱུ་ནོར་ལ་གནོད་སྐྱེལ་མི་ཆོག་ལ། བདེ་འཇགས་ཁྲིམས་བསྟར་བྱ་བ་སྤེལ་བའི་བདེ་འཇགས་དམག་དཔུང་གི་སྒར་ས་དང་དམག་དོན་རྟེན་གཞིར་འཇབ་རྒོལ་བྱེད་མི་རུང་བ་དང་། ཞི་བདེ་ལ་གཏོར་བརླག་བྱེད་པའི་སྟོབས་ཤུགས་གཅིག་བསྡུས་དང་བཅོས་སྒྲིག་བྱས་ནས་ས་ཁོངས་རྒྱ་བསྐྱེད་པའི་བྱ་སྤྱོད་གང་རུང་སྤེལ་མི་ཆོག གལ་ཏེ་བྱ་སྤྱོད་དེ་རིགས་བྱུང་ན། རྒྱལ་སྲུང་དམག་དཔུང་གིས་དགོས་ངེས་ཀྱི་བྱེད་ཐབས་སྤྱད་ནས་མང་ཚོགས་ལ་སྲུང་སྐྱོབ་བྱེད་ངེས་ཡིན་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号