མཚོ་ནུབ་ཀྱིས་མ་དངུལ་སྒོར་བྱེ་བ་དྲུག་དང་ས་ཡ་བདུན་འབུམ་བརྒྱད་དང་ཁྲི་དྲུག་བཏང་ནས་གཞུང་ལམ་ཞིག་གསོ་བྱས། 

ཉེ་ལམ། གསར་འགོད་པས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ནོར་སྲིད་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་སྡེའི་གཞུང་ལམ་ཞིག་གསོའི་ལས་གཞི་ནི2025ལོའི་མཚོ་ནུབ་ཀྱི་ཁུལ་རིམ་པའི་དམངས་ཚིས་དོན་དངོས་བཟོ་སྐྲུན་ལས་གཞིའི་གསལ་ཐོའི་གྲས་ཀྱི་གཅིག་ཡིན་ལ། ད་ལོའི་ཚུན་ལ། མཚོ་ནུབ་ཀྱིས་མ་དངུལ་སྒོར་བྱེ་བ་དྲུག་དང་ས་ཡ་བདུན་འབུམ་བརྒྱད་དང་ཁྲི་དྲུག་བཏང་ནས། ཞིང་སྡེའི་གཞུང་ལམ་གྱི་སྤུས་ཀ་དང་ཤར་བགྲོད་ནུས་པ་མཐོར་འདེགས་གཏོང་བར་བཀོལ་བ་དང་། མི་དམངས་མང་ཚོགས་ཀྱི་འགྲིམ་འགྲུལ་ཕྱི་བསྐྱོད་ཀྱི་ཡིད་ཚིམ་ཚད་དང་ཐོབ་ཚོར་ཇེ་ཆེར་བཏང་། 

མཚོ་ནུབ་ཁུལ་ཀྱིས་ཕྱོགས་ཡོངས་ནས་རྒྱལ་ཁབ་དང་ཞིང་ཆེན་གྱི་ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་དོ་དམ་ཞིག་གསོའི་ལམ་ལུགས་བཅོས་སྒྱུར་དང་མ་དངུལ་གཏོང་སྤྲོད་རྐྱེན་སྲོལ་སྐོར་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་པ་དང་། ནོར་སྲིད་ཀྱི་མ་དངུལ་རིགས་སྣ་ཚོགས་གཅིག་འདོམས་བྱས་ལ། ལོ་མགོའི་སྔོན་རྩིས་ལྟར་གཞུང་ལམ་གཞི་གསོ་བྱེད་པར་ཁུལ་དང་རྫོང་རིམ་པའི་སྡེབ་སྒྲིག་མ་དངུལ་སྒོར་བྱེ་བ་བཞི་དང་ས་ཡ་དྲུག་འབུམ་བཞི་དང་ཁྲི་དྲུག་བཀོད་སྒྲིག་བྱས་ཏེ། དུས་ལྟར་ཞིང་ཆེན་རིམ་པའི་ཁ་གསབ་མ་དངུལ་སྒོར་བྱེ་བ་གཉིས་དང་ས་ཡ་གཅིག་འབུམ་བཞི་སྤྲད་ནས། ཞིང་ཆེན་གྱི་གཞུང་ལམ་སྤྱི་ལེ་ལྔ་བརྒྱ་གོ་ལྔ་དང་གྲངས་ཆུང་བདུན་བཞིར་ཉིན་རྒྱུན་ཞིག་གསོ་བྱེད་པ་དང་། ཞིང་སྡེའི་གཞུང་ལམ་སྤྱི་ལེ་སྟོང་དགུ་དང་ལྔ་བརྒྱ་སོ་གཉིས་དང་གྲངས་ཆུང་གཉིས་གསུམ་ལ་ཉིན་རྒྱུན་ཞིག་གསོ་བྱེད་པའི་ཐད་བེད་སྤྱོད་བྱས། 

དེ་དང་མཉམ་དུ། ལས་གཞི་འཛུགས་སྐྲུན་གྱི་མྱུར་ཚད་སྔར་ལས་ཇེ་མགྱོགས་སུ་གཏོང་ཆེད། མཚོ་ནུབ་ཁུལ་ནོར་སྲིད་ཅུའུ་ཡིས2025ལོར་ཞིང་སྡེའི་གཞུང་ལམ་ཞིག་གསོ་མ་དངུལ་སྔོན་ལ་ས་གནས་སོ་སོར་སྤྲད་པར་མ་ཟད། ས་གནས་སོ་སོས་བསྡུར་ཚད་ལྟར་ས་གནས་ཀྱི་སྡེབ་སྒྲིག་མ་དངུལ་དངོས་འབེབས་བྱེད་པའི་བླང་བྱ་བཏོན་པ་དང་། མཚོ་སྔོན་གྱི་གཞི་གྲངས་ནོར་སྲིད་མ་ལག་བརྒྱུད་སྤྲོད་གཏོང་སྤྲོད་རྣམ་པ་དང་མཚོ་སྔོན་ཞིང་ཆེན་གྱི་གཞུང་ལམ་དང་ཞིང་སྡེའི་གཞུང་ལམ་གྱི་རྒྱུགས་བཤེར་འདེགས་སྐྱོར་མ་ལག་ལ་བརྟེན་ནས། ཞིང་སྡེའི་གཞུང་ལམ་ཞིག་གསོའི་དངོས་ཡོད་གནས་ཚུལ་ལྟར་འགུལ་རྣམ་རྗེས་འདེད་དང་ལྟ་སྐུལ་དོ་དམ་བྱེད་པ་དང་། མ་དངུལ་བེད་སྤྱོད་བྱས་པའི་ཚད་ལྡན་རང་བཞིན་དང་ནུས་ལྡན་རང་བཞིན་ལ་ཁག་ཐེག་བྱེད་རྒྱུ་རེད། དེ་དང་མཉམ་དུ། མ་དངུལ་གྱི་ལས་འབྲས་དོ་དམ་ལ་ཤུགས་སྣོན་པ་དང་། སྔོན་རྩིས་ལག་བསྟར་དང་ལས་འབྲས་དམིགས་འབེན་ལག་བསྟར་བྱེད་པ་གཉིས་ཀར་ལྟ་རྟོག་ཚོད་འཛིན་བྱས་ནས། ལས་འབྲས་དཔྱད་འཇོག་མཇུག་འབྲས་བེད་སྤྱོད་ལེགས་པོ་བྱེད་པ་དང་། མ་དངུལ་བེད་སྤྱོད་ཁེ་ཕན་ཆེས་ཆེ་བ་ལོན་པར་འབད་པ་བྱེད་རྒྱུ་རེད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号