བྱ་སྤྱོད་གང་ཞིག་ཁྱིམ་ཚང་གཏུམ་སྤྱོད་ལ་བརྩི་དགོས།
བཅའ་ཁྲིམས་དང་ཁྲིམས་སྲོལ།《ཁྱིམ་ཚང་གི་གཏུམ་སྤྱོད་ལ་ངོ་རྒོལ་བྱེད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》ནང་ཁྱིམ་ཚང་གི་གཏུམ་སྤྱོད་དེ་ཁྱིམ་ཚང་གི་ཁོངས་མི་བར་གཅར་རྡུང་དང་བསྡམས་བཀྱིག གནོད་སྐྱོད། མི་ལུས་ཀྱི་རང་དབང་ལ་ཚོད་འཛིན་བྱེད་པ། དེ་བཞིན་རྒྱུན་གཏན་རང་བཞིན་གྱི་གཤེ་གཤེ་གཏོང་བ། འཇིགས་སྐུལ་སོགས་ཀྱི་བྱ་ཐབས་སྤྱད་དེ་ལུས་ཕུང་དང་བསམ་པ་སོགས་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ལ་གཏན་འཁེལ་བྱས་ཡོད།གོ་བདེ་བའི་འགྲེལ་བཤད། ཁྱིམ་ཚང་གི་གཏུམ་སྤྱོད་ཞེས་པ་ནི་གཉེན་སྒྲིག་གམ་མཛའ་བརྩེའི་འབྲེལ་བ། ཁྲག་རྒྱུད། བཅའ་ཁྲིམས་བཅས་ཀྱིས་མཉམ་དུ་འབྲེལ་བའི་ཁྱིམ་ཚང་གི་ཁོངས་མིའི་བར་གྱི་གཏུམ་སྤྱོད་ལ་ཟེར། དེའི་ནང་ཁྱིམ་ཚང་གི་འབྲེལ་བའི་ཁྲོད་བྱུང་བའི་ལུས་པོ་དང་རང་བཞིན། བརྩེ་དུང་སོགས་ཐད་ཀྱི་དྲག་ཤུགས་ཚུད་ཡོད་པ་དང་། དུས་མཚུངས་སུ་འཇིགས་སྐུལ་དང་དྲག་ཤུགས་སྤྱོད་པའི་བྱ་སྤྱོད་ཀྱང་ཚུད་ཡོད། ཁྱིམ་ཚང་གི་གཏུམ་སྤྱོད་ནི་ཁྱོ་ཤུག་དང་ཕ་མ། བུ་ཕྲུག གཅེན་གཅུང་མིང་སྲིང་། མེས་པོ་དང་ཚ་བོ་སོགས་ཁྱིམ་ཚང་གི་ཁོངས་མིའི་བར་དུ་འབྱུང་སྲིད།རྒྱུན་མཐོང་གོ་ནོར་དག་སེལ་ནོར་འཁྲུལ་དང་པོ། ཁྱིམ་ཚང་གི་གཏུམ་སྤྱོད་སྣང་ཚུལ་མེད་ན་གནས་ཀྱང་ཧ་ཅང་ཉུང་ཉུང་ཡིན། ཁྱིམ་ཚང་གི་གཏུམ་སྤྱོད་སྣང་ཚུལ་ཕྱི་རོལ་ཡུལ་དུ་གནས་པར་མ་ཟད། གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་ཁག་ཏུ་འབྱུང་ཚད་ལ་སྣང་ཆུང་བྱེད་མི་རུང་།ནོར་འཁྲུལ་གཉིས་པ། ཁྱིམ་ཚང་གི་གཏུམ་སྤྱོད་ནི་ཁྱིམ་ལས་དང་གསང་དོན་ཞིག་ཡིན་པས། ཕྱི་ལ་སྒྲོག་མི་རུང་ཁྱིམ་ཚང་གི་གཏུམ་སྤྱོད་ནི་ཕྱི་ལ་སྒྲོག་མི་ཆོག་པའི་ཁྱིམ་ལས་ཤིག་མ་ཡིན་པར། བཅའ་ཁྲིམས་ཀྱིས་བཀག་སྡོམ་བྱས་པའི་ཁེ་དབང་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ཅིག་ཡིན། གནོད་འཚེ་ཕོག་མཁན་གྱིས་ཁྱིམ་ཚང་གི་གཏུམ་སྤྱོད་ལ་ཁོང་ཁྲོ་བཟོད་བསྲན་བྱས་ཚེ་གནོད་འཚེ་གཏོང་མཁན་གྱིས་མུ་མཐུད་གཏུམ་སྤྱོད་སྤེལ་བར་མ་ཟད། རང་ཉིད་ལའང་ཁྱིམ་ཚང་གི་གཏུམ་སྤྱོད་ཀྱི་ཡུན་རིང་གནོད་འཚེ་ཕོག་གིན་ཡོད། ཁྱིམ་ཚང་གི་གཏུམ་སྤྱོད་ཕོག་སྐབས། ཡིད་ཆེས་ཡོད་པའི་མི་གཞན་དང་ལས་ཁུངས་ལ་རོགས་སྐྱོར་རེ་ཞུ་བྱེད་ཤེས་པའམ། ཡང་ན་ཁྱིམ་ཚང་གི་གཏུམ་སྤྱོད་དེ་བཅའ་ཁྲིམས་ལ་བརྟེན་ནས་ཁྲིམས་འཛིན་གྱི་རོགས་སྐྱོར་རེ་ཞུ་བྱེད་ཤེས་དགོས།ནོར་འཁྲུལ་གསུམ་པ། ཁྱིམ་ཚང་གི་གཏུམ་སྤྱོད་ནི་ལུས་ཕུང་ལ་གནོད་འཚེ་གཏོང་བ་ལས་སེམས་ཁམས་དང་འཁྲིག་སྦྱོར་ལ་གནོད་འཚེ་གཏོང་བ་མིན། ཁྱིམ་ཚང་གི་གཏུམ་སྤྱོད་ལ་ལུས་པོའི་གཏུམ་སྤྱོད་ཚུད་ཡོད་ལ་སེམས་ཁམས་ཀྱི་གཏུམ་སྤྱོད་དང་། འཁྲིག་སྦྱོར་གྱི་གཏུམ་སྤྱོད་དང་དཔལ་འབྱོར་ཚོད་འཛིན་བཅས་ཀྱང་ཚུད་ཡོད།ནོར་འཁྲུལ་བཞི་པ། ཁྱིམ་ཚང་གི་གཏུམ་སྤྱོད་ནི་ཁྱོ་གས་ཆུང་མར་གཏུམ་སྤྱོད་གཏོང་བ་དེ་ཡིན། དོན་དངོས་སུ་ཆུང་མས་ཁྱོ་གར་གཏུམ་སྤྱོད་བྱེད་པ་དང་ཕ་མས་བུ་ཕྲུག་ལ་གཏུམ་སྤྱོད་བྱེད་པ། བུ་ཕྲུག་གིས་ཕ་མར་གཏུམ་སྤྱོད་བྱེད་པ། རང་གི་གཅེན་གཅུང་མིང་སྲིང་ལ་གཏུམ་སྤྱོད་བྱེད་པ་བཅས་ཀྱང་ཁྱིམ་ཚང་གི་གཏུམ་སྤྱོད་ཡིན། ཁྱིམ་ཚང་གི་འབྲེལ་བའི་བར་དུ་བྱུང་བའི་གཏུམ་སྤྱོད་ཚང་མ་ཁྱིམ་ཚང་གི་གཏུམ་སྤྱོད་ཡིན།
བཅའ་ཁྲིམས་དང་ཁྲིམས་སྲོལ།
《ཁྱིམ་ཚང་གི་གཏུམ་སྤྱོད་ལ་ངོ་རྒོལ་བྱེད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》ནང་ཁྱིམ་ཚང་གི་གཏུམ་སྤྱོད་དེ་ཁྱིམ་ཚང་གི་ཁོངས་མི་བར་གཅར་རྡུང་དང་བསྡམས་བཀྱིག གནོད་སྐྱོད། མི་ལུས་ཀྱི་རང་དབང་ལ་ཚོད་འཛིན་བྱེད་པ། དེ་བཞིན་རྒྱུན་གཏན་རང་བཞིན་གྱི་གཤེ་གཤེ་གཏོང་བ། འཇིགས་སྐུལ་སོགས་ཀྱི་བྱ་ཐབས་སྤྱད་དེ་ལུས་ཕུང་དང་བསམ་པ་སོགས་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ལ་གཏན་འཁེལ་བྱས་ཡོད།
གོ་བདེ་བའི་འགྲེལ་བཤད། ཁྱིམ་ཚང་གི་གཏུམ་སྤྱོད་ཞེས་པ་ནི་གཉེན་སྒྲིག་གམ་མཛའ་བརྩེའི་འབྲེལ་བ། ཁྲག་རྒྱུད། བཅའ་ཁྲིམས་བཅས་ཀྱིས་མཉམ་དུ་འབྲེལ་བའི་ཁྱིམ་ཚང་གི་ཁོངས་མིའི་བར་གྱི་གཏུམ་སྤྱོད་ལ་ཟེར། དེའི་ནང་ཁྱིམ་ཚང་གི་འབྲེལ་བའི་ཁྲོད་བྱུང་བའི་ལུས་པོ་དང་རང་བཞིན། བརྩེ་དུང་སོགས་ཐད་ཀྱི་དྲག་ཤུགས་ཚུད་ཡོད་པ་དང་། དུས་མཚུངས་སུ་འཇིགས་སྐུལ་དང་དྲག་ཤུགས་སྤྱོད་པའི་བྱ་སྤྱོད་ཀྱང་ཚུད་ཡོད། ཁྱིམ་ཚང་གི་གཏུམ་སྤྱོད་ནི་ཁྱོ་ཤུག་དང་ཕ་མ། བུ་ཕྲུག གཅེན་གཅུང་མིང་སྲིང་། མེས་པོ་དང་ཚ་བོ་སོགས་ཁྱིམ་ཚང་གི་ཁོངས་མིའི་བར་དུ་འབྱུང་སྲིད།
རྒྱུན་མཐོང་གོ་ནོར་དག་སེལ་ནོར་འཁྲུལ་དང་པོ། ཁྱིམ་ཚང་གི་གཏུམ་སྤྱོད་སྣང་ཚུལ་མེད་ན་གནས་ཀྱང་ཧ་ཅང་ཉུང་ཉུང་ཡིན། ཁྱིམ་ཚང་གི་གཏུམ་སྤྱོད་སྣང་ཚུལ་ཕྱི་རོལ་ཡུལ་དུ་གནས་པར་མ་ཟད། གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་ཁག་ཏུ་འབྱུང་ཚད་ལ་སྣང་ཆུང་བྱེད་མི་རུང་།
ནོར་འཁྲུལ་གཉིས་པ། ཁྱིམ་ཚང་གི་གཏུམ་སྤྱོད་ནི་ཁྱིམ་ལས་དང་གསང་དོན་ཞིག་ཡིན་པས། ཕྱི་ལ་སྒྲོག་མི་རུང་ཁྱིམ་ཚང་གི་གཏུམ་སྤྱོད་ནི་ཕྱི་ལ་སྒྲོག་མི་ཆོག་པའི་ཁྱིམ་ལས་ཤིག་མ་ཡིན་པར། བཅའ་ཁྲིམས་ཀྱིས་བཀག་སྡོམ་བྱས་པའི་ཁེ་དབང་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ཅིག་ཡིན། གནོད་འཚེ་ཕོག་མཁན་གྱིས་ཁྱིམ་ཚང་གི་གཏུམ་སྤྱོད་ལ་ཁོང་ཁྲོ་བཟོད་བསྲན་བྱས་ཚེ་གནོད་འཚེ་གཏོང་མཁན་གྱིས་མུ་མཐུད་གཏུམ་སྤྱོད་སྤེལ་བར་མ་ཟད། རང་ཉིད་ལའང་ཁྱིམ་ཚང་གི་གཏུམ་སྤྱོད་ཀྱི་ཡུན་རིང་གནོད་འཚེ་ཕོག་གིན་ཡོད། ཁྱིམ་ཚང་གི་གཏུམ་སྤྱོད་ཕོག་སྐབས། ཡིད་ཆེས་ཡོད་པའི་མི་གཞན་དང་ལས་ཁུངས་ལ་རོགས་སྐྱོར་རེ་ཞུ་བྱེད་ཤེས་པའམ། ཡང་ན་ཁྱིམ་ཚང་གི་གཏུམ་སྤྱོད་དེ་བཅའ་ཁྲིམས་ལ་བརྟེན་ནས་ཁྲིམས་འཛིན་གྱི་རོགས་སྐྱོར་རེ་ཞུ་བྱེད་ཤེས་དགོས།
ནོར་འཁྲུལ་གསུམ་པ། ཁྱིམ་ཚང་གི་གཏུམ་སྤྱོད་ནི་ལུས་ཕུང་ལ་གནོད་འཚེ་གཏོང་བ་ལས་སེམས་ཁམས་དང་འཁྲིག་སྦྱོར་ལ་གནོད་འཚེ་གཏོང་བ་མིན། ཁྱིམ་ཚང་གི་གཏུམ་སྤྱོད་ལ་ལུས་པོའི་གཏུམ་སྤྱོད་ཚུད་ཡོད་ལ་སེམས་ཁམས་ཀྱི་གཏུམ་སྤྱོད་དང་། འཁྲིག་སྦྱོར་གྱི་གཏུམ་སྤྱོད་དང་དཔལ་འབྱོར་ཚོད་འཛིན་བཅས་ཀྱང་ཚུད་ཡོད།
ནོར་འཁྲུལ་བཞི་པ། ཁྱིམ་ཚང་གི་གཏུམ་སྤྱོད་ནི་ཁྱོ་གས་ཆུང་མར་གཏུམ་སྤྱོད་གཏོང་བ་དེ་ཡིན། དོན་དངོས་སུ་ཆུང་མས་ཁྱོ་གར་གཏུམ་སྤྱོད་བྱེད་པ་དང་ཕ་མས་བུ་ཕྲུག་ལ་གཏུམ་སྤྱོད་བྱེད་པ། བུ་ཕྲུག་གིས་ཕ་མར་གཏུམ་སྤྱོད་བྱེད་པ། རང་གི་གཅེན་གཅུང་མིང་སྲིང་ལ་གཏུམ་སྤྱོད་བྱེད་པ་བཅས་ཀྱང་ཁྱིམ་ཚང་གི་གཏུམ་སྤྱོད་ཡིན། ཁྱིམ་ཚང་གི་འབྲེལ་བའི་བར་དུ་བྱུང་བའི་གཏུམ་སྤྱོད་ཚང་མ་ཁྱིམ་ཚང་གི་གཏུམ་སྤྱོད་ཡིན།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注