ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གཞོན་པས་ཨ་མེ་རི་ཁས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་པའི་ཇུས་གཞི་ལས་ཉམས་ཉེན་གྱི་འབྱུང་རྩ་མེད་པར་གཏོང་དགོས་པའི་ཚུལ་བསྟན།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གཞོན་པ་ལི་ཡཱ་པུའུ་ཁི་ཧྥུའུ་ཡིས་ཟླ4བའི་ཚེས1ཉིན་གྱི་བཅར་འདྲིའི་ཁྲོད་བསྟན་དོན། ཨ་མེ་རི་ཁས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་པའི་ཇུས་གཞི་ལས་ཨུ་རུ་སིའི་ཕྱོགས་ཀྱིས་དོ་སྣང་བྱེད་པའི་ཉམས་ཉེན་གྱི་འབྱུང་རྩ་མེད་པར་བཏང་མེད་པས། གནད་དོན་དེ་ངེས་པར་དུ་ཐག་གཅོད་བྱེད་དགོས་ཟེར།

ལི་ཡཱ་པུའུ་ཁི་ཧྥུའུ་ཡིས་རྒྱལ་སྤྱིའི་ལས་དོན་ཞེས་པའི་དུས་དེབ་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཨ་མེ་རི་ཁས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་པའི་ཇུས་གཞི་ལས་ཉམས་ཉེན་གྱི་འབྱུང་རྩ་མེད་པར་བཏང་མེད་ལ། ཝུའུ་ཁི་ལན་གྱི་ཉམས་ཉེན་གྱི་འབྱུང་རྩ་དང་འབྲེལ་བའི་གནད་དོན་ནི་ཨུ་རུ་སིའི་ཕྱོགས་ཀྱི་རེ་འདོད་གཙོ་བོ་ཡིན། ཨུ་རུ་སིའི་ཕྱོགས་ཀྱིས་མིག་སྔར་ཨ་མེ་རི་ཁ་ཕྱོགས་ཀྱིས་ཝུའུ་ཁི་ལན་ལ་འཐབ་འཁྲུག་མཚམས་འཇོག་པའི་བརྡ་བཏང་བ་མཐོང་མེད་ཟེར།

ལི་ཡཱ་པུའུ་ཁི་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་པའི་ཐད་བཏོན་པའི་ཇུས་གཞིར་མཐོང་ཆེན་བྱེད་ཀྱང་། ཡོད་ཚད་དང་ལེན་བྱེད་མི་སྲིད་ལ། ཨུ་རུ་སིའི་ཕྱོགས་ལ་ཐོག་མའི་བསམ་བྱ་དང་བྱེད་ཐབས་ཡོད་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号