ཝུའུ་ཁི་ལན་གྱི་ཕྱི་འབྲེལ་བློན་ཆེན་གྱིས་ཝུའུ་ཁི་ལན་དང་ཨ་མེ་རི་ཁས་གཏེར་ཁའི་གྲོས་མཐུན་གསར་བར་གྲོས་མོལ་བྱེད་མགོ་བརྩམས་པའི་ཚུལ་བསྟན།

ཝུའུ་ཁི་ལན་གྱི་ཕྱི་འབྲེལ་བློན་ཆེན་སི་པུས་ཅཱ་ཡིས་ཟླ4བའི་ཚེས1ཉིན་ཅི་ཧྥུའུ་ནས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཝུའུ་ཁི་ལན་གྱིས་ཨ་མེ་རི་ཁ་དང་མཉམ་དུ་གཏེར་ཁའི་གྲོས་མཐུན་གསར་བར་གྲོས་མོལ་བྱས་ཡོད་པ་དང་། ཝུའུ་ཁི་ལན་ཕྱོགས་ཀྱིས་ཕྱོགས་གཉིས་ཀྱིས་དང་ལེན་ཐུབ་པའི་གྲོས་མཐུན་ཞིག་འགོད་པར་བརྩོན་བཞིན་ཡོད་ཟེར།

ཝུའུ་ཁི་ལན་གྱི་རྒྱལ་སྤྱིའི་གློག་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། སི་པུས་ཅཱ་ཡིས་བསྟན་དོན། གྲོས་མཐུན་གསར་བ་ལས་ཨ་མེ་རི་ཁའི་ཁེ་ལས་ཆེ་གྲས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཝུའུ་ཁི་ལན་གྱི་བཅའ་སྡོད་ལ་ཤུགས་སྣོན་བྱེད་རྒྱུ་དང་། ཝུའུ་ཁི་ལན་གྱི་རྨང་གཞིའི་སྒྲིག་ཆས་ཀྱི་བདེ་འཇགས་ལ་རོགས་འདེགས་བྱེད་དགོས། ཝུའུ་ཁི་ལན་གྱིས་ཨ་མེ་རི་ཁའི་བར་མཉམ་ལས་བྱས་ནས། ཕྱོགས་གཉིས་ཀྱིས་དང་ལེན་བྱེད་ཐུབ་པའི་གྲོས་མཐུན་ཞིག་འགོད་པར་འབད་བརྩོན་བྱེད་རྒྱུ་ཡིན་ཟེར།

སི་པུས་ཅཱ་ཡིས་བཤད་རྒྱུར། ཝུའུ་ཁི་ལན་ཕྱོགས་ཀྱིས་དེའི་སྔོན་གྱི་ཝུའུ་ཁི་ལན་དང་ཨ་མེ་རི་ཁའི་གཏེར་ཁའི་གྲོས་མཐུན་འགོད་འདོད་ཡོད་ཀྱང་། ཨ་མེ་རི་ཁ་ཕྱོགས་ཀྱིས་བཟོ་བཅོས་གྲོས་གཞི་བཏོན་ཡོད། ཟླ3པའི་ཚེས28ཉིན་ཨ་མེ་རི་ཁ་ཕྱོགས་ཀྱིས་ཝུའུ་ཁི་ལན་ལ་བཟོ་བཅོས་བྱས་རྗེས་ཀྱི་གཏེར་ཁའི་གྲོས་མཐུན་ཇུས་གཞི་སྤྲད་པ་དང་། ཕྱོགས་གཉིས་ཀྱིས་མིག་སྔར་གྲོས་བསྡུར་བྱེད་པ་ནི་གྲོས་མཐུན་གསར་བ་དེ་ཡིན་ཟེར།

ཨ་མེ་རི་ཁའི་སྨྱན་བྱད་ཀྱིས་དེའི་སྔོན་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཟླ3པའི་ཚེས30ཉིན་ཙུང་ཐུང་གི་ཆེད་བཏང་གནམ་གྲུ་མཁའ་དམག་ཨང་དང་པོའི་སྟེང་གསར་འགོད་པར་བཤད་རྒྱུར། ཨ་མེ་རི་ཁ་དང་ཝུའུ་ཁི་ལན་གྱིས་ཞི་ས་རྒྱུའི་གནད་དོན་ཐད་ནས་གྲོས་མཐུན་བཀོད་པ་དང་། ད་ལྟ་ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལིན་སི་ཅི་ཡིས་ཡང་བསྐྱར་གྲོས་མཐུན་དེར་གྲོས་མོལ་བྱས་ཏེ། ཝུའུ་ཁི་ལན་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཏུ་འགྱུར་འདོད་ཡོད་ཟེར། ཐི་ལིང་ཕུའུ་ཡིས་གལ་ཏེ་ཙེ་ལིན་སི་ཅི་ཡིས་ཨ་མེ་རི་ཁ་དང་ཝུའུ་ཁི་ལན་གྱི་གཏེར་ཁའི་གྲོས་མཐུན་དང་ལེན་མ་བྱས་ན་དཀའ་ལས་ཆེན་པོ་ཡོད་སྲིད་པའི་འཇིགས་སྐུལ་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号