ཧྥུན་ལན་གྱིས་རྒྱལ་སྲུང་འགྲོ་སོང་ལྡབ་འགྱུར་གྱིས་ཇེ་མང་དུ་གཏོང་རྒྱུ་ཁྱབ་བསྒྲགས་བྱས།

ཧྥུན་ལན་རྒྱལ་སྲུང་པུའུ་ཡིས་ཟླ4བའི་ཚེས1ཉིན་ཁྱབ་བསྒྲགས་བྱས་དོན། ཧྥུན་ལན་གྱིས2029ལོར་རྒྱལ་སྲུང་འགྲོ་སོང་དེ་རྒྱལ་ནང་གི་སྤྱིའི་ཐོན་རིན་གྱི་བརྒྱ་ཆའི་གསུམ་དུ་མཐོར་འདེགས་གཏོང་རྒྱུ་ཡིན་ཟེར།

ཧྥུན་ལན་རྒྱལ་སྲུང་པུའུ་ཡིས་ཉིན་དེར་སྤེལ་བའི་སྤྱི་སྒྲོག་ལས་བཤད་རྒྱུར། ཧྥུན་ལན་སྲིད་གཞུང་གིས་བལྟས་ན། ཧྥུན་ལན་དང་ཡོ་རོབ་གླིང་དུས་ཡུན་རིང་བོའི་བདེ་འཇགས་འཇིགས་ཉེན་ལ་འཕྲད་ཡོད་པ་དང་། ཧྥུན་ལན་གྱིས་ངེས་པར་དུ་རྒྱལ་ཁབ་ཀྱི་ཐོན་ཁུངས་བེད་སྤྱད་ནས་ཁྱབ་ཁོངས་ཆེན་པོའི་བདེ་འཇགས་ཤུགས་རྐྱེན་ཐག་གཅོད་བྱེད་པ་དང་དུས་ཡུན་རིང་བོའི་དམག་དོན་གནོན་ཤུགས་ལ་འགོག་རྒོལ་བྱེད་པའི་ནུས་པ་སྲུང་འཛིན་བྱེད་དགོས་པར་འདོད། ཧྥུན་ལན་རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་ཧེ་ཁའེ་ཉིང་གིས་བཤད་རྒྱུར། བྱ་སྤྱོད་དེ་ལས་ཧྥུན་ལན་གྱི་རྒྱལ་སྲུང་སྟོབས་ཤུགས་ལ་སྔར་ལས་ཤུགས་སྣོན་བྱེད་ཐུབ་པ་དང་། དེ་ནི་ཧྥུན་ལན་གྱིས་མིག་སྔའི་ཡོ་རོབ་གླིང་གི་བདེ་འཇགས་གནས་བབ་ལ་དམིགས་པའི་བྱེད་ཐབས་ཡིན་ཟེར།

གྲོས་ཆོད་དེ་ལྟར་ན། ཧྥུན་ལན་རྒྱལ་སྲུང་དམག་ལ་ད་ལོའི་དཔྱིད་ཀའི་རྒྱལ་སྲུང་སྔོན་རྩིས་ཁྲོད་སྤྱི་འབོར་ཡོ་སྒོར་ཐེར་འབུམ་གསུམ་དང་དུང་ཕྱུར་བདུན་ཡིན་པའི་མ་དངུལ་ཐོབ་སྲིད་པ་དང་། མ་འོངས་པའི་ལོ་ངོ་བཞིའི་རིང་གི་གནད་འགག་འགན་ནུས་ཀྱི་འགན་སྲུང་དང་རྒྱལ་སྲུང་སྒྲིག་ཆས་ལ་སྲུང་སྐྱོབ། འགོག་སྲུང་མ་ལག་གི་དུས་ཡུན་རིང་བོའི་འཐབ་འཁྲུག་ནུས་པར་ཤུགས་སྣོན་པ་བཅས་ཀྱི་ཐད་བཀོལ་རྒྱུ་རེད།

ཧྥུན་ལན་རྒྱལ་སྲུང་པུའུ་ཡིས་མཚམས་སྦྱོར་བྱས་དོན། 2025ལོའི་ཧྥུན་ལན་གྱི་དམག་དོན་འགྲོ་སོང་རྒྱལ་ནང་གི་སྤྱིའི་ཐོན་རིན་གྱི་བརྒྱ་ཆའི་གཉིས་དང་གྲངས་ཆུང་ལྔར་བསླེབས་པ་དང་། བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཁྲོད་མདུན་གྲལ་དུ་གནས་ཡོད། 2000ལོ་ནས2020ལོའི་བར། ཧྥུན་ལན་གྱི་རྒྱལ་སྲུང་འགྲོ་སོང་གི་རྒྱལ་ནང་གི་སྤྱིའི་ཐོན་རིན་ཁྲོད་ཀྱི་བསྡུར་ཚད་དེ་བརྒྱ་ཆའི་གཅིག་དང་གྲངས་ཆུང་ལྔ་ལས་དམའ་བ་ཡིན།

ཧྥུན་ལན་སྲིད་གཞུང་གིས་ཟླ4བའི་ཚེས1ཉིན་ད་རུང་བསྟན་དོན། གསོད་རྨས་རང་བཞིན་གྱི་ས་འོག་འགད་རྫས་བེད་སྤྱོད་བྱེད་པ་གཏན་འགོག་བྱེད་པའི་བོ་ཐེ་ཧྭའི་ས་འོག་འགད་རྫས་གཏན་འགོག་བྱེད་པའི་སྤྱི་ཆིངས་ལས་ཕྱིར་འབུད་རྩིས་ཡོད་པ་དང་། རྒྱུ་མཚན་ནི་ཧྥུན་ལན་དང་ཡོ་རོབ་གླིང་གི་བདེ་འཇགས་ཁོར་ཡུག་ལ་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་བྱུང་བས་ཡིན་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号