ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཕཱ་ལེ་སི་ཐན་རྒྱལ་ཁབ་འཛུགས་པར་ངོ་རྒོལ་དྲག་པོ་བྱས།
དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཚེས15ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་ལ་ཁ་པར་གཏོང་སྐབས་ཕཱ་ལེ་སི་ཐན་རྒྱལ་ཁབ་འཛུགས་པར་ངོ་རྒོལ་དྲག་པོ་བྱས།
ནེ་ཐཱ་ནི་ཡཱ་ཧུའུ་ཡིས་མཱ་ཁི་ལུང་ལ་བཤད་རྒྱུར། ད་ལྟའི་བར་ཕཱ་ལེ་སི་ཐན་ཕྱོགས་ཀྱི་ལས་ཁུངས་གང་རུང་གིས2023ལོའི་ཟླ10བའི་ཚེས7ཉིན་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་དབྱི་སི་རལ་ལ་འཇབ་རྒོལ་བྱས་པར་རྒོལ་གཏམ་བཏང་མེད་པར། དབྱི་སི་རལ་གྱི་གྲོང་ཁྱེར་བར་སྐར་མ་འགའི་ལམ་ཐག་ལས་མེད་པའི་ཕཱ་ལེ་སི་ཐན་རྒྱལ་ཁབ་དེ་དབྱི་ལིང་གི་འཇིགས་སྐུལ་རིང་ལུགས་ཀྱི་སྦས་སྐོང་བྱེད་སར་གྱུར་ཡོད་ལ། དབྱི་སི་རལ་གྱི་མང་ཚོགས་མང་ཆེ་བས་དོན་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད་ཟེར།
དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཉིན་དེའི་དགོང་མོར་གསལ་སྒྲོག་གཞན་པ་ཞིག་ལས་བཤད་རྒྱུར། ནེ་ཐཱ་ནི་ཡཱ་ཧུའུ་ཉིན་དེར་ཅཱ་ཧྲའི་བྱང་ཕྱོགས་ས་ཁུལ་དུ་སོང་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注