ཕུའུ་ཅིན་གྱིས་ཨུ་རུ་སི་ཡིས་རྒྱལ་སྤྱིའི་མཁའ་འགྲུལ་མཉམ་ལས་ལ་སྒོ་འབྱེད་ཀྱི་རྣམ་འགྱུར་བཟུང་ཡོད་པའི་ཚུལ་བསྟན།
ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས16ཉིན་བཤད་རྒྱུར། ཨུ་རུ་སིའི་མཁའ་འགྲུལ་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་སྒོ་འབྱེད་ཀྱི་རྣམ་འགྱུར་བཟུང་ཡོད་པ་དང་། མཉམ་ལས་གྲོགས་པོའི་བར་གྱི་མཉམ་ལས་རྣམ་པར་གྲོས་བསྡུར་བྱེད་འདོད་ཡོད་ཟེར།
ཨུ་རུ་སིའི་ཙུང་ཐུང་དྲ་ཚིགས་ཀྱིས་ཚེས16ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཕུའུ་ཅིན་གྱིས་ཉིན་དེར་མའོ་སི་ཁོ་པའོ་མན་རྒྱལ་བཙུགས་ལག་རྩལ་སློབ་ཆེན་དུ་མགོ་འཛིན་བྱས་ནས་ཨུ་རུ་སིའི་མཁའ་འགྲུལ་འཕེལ་རྒྱས་ཀྱི་ཆེད་དོན་གྲོས་ཚོགས་བསྡུས། ཁོས་བཤད་རྒྱུར། ཨུ་རུ་སིའི་ལག་རྩལ་གྲུབ་འབྲས་དང་ཁྱད་པར་དུ་བར་སྣང་འཚོལ་ཞིབ་ཁྱབ་ཁོངས་ཀྱི་གྲུབ་འབྲས་ལས་རྒྱལ་སྤྱིའི་མཁའ་འགྲུལ་ལས་གཞིའི་ཐད་བྱས་རྗེས་གལ་ཆེན་འཇོག་ཐུབ། ཨུ་རུ་སིའི་ཕྱོགས་ཀྱིས་མཉམ་ལས་དེ་རིགས་ལ་སྒོ་འབྱེད་ཀྱི་རྣམ་འགྱུར་བཟུང་ཡོད་ལ། མཉམ་འབྲེལ་ལས་གཞི་ལག་བསྟར་བྱེད་པ་དང་བར་སྣང་ཞིབ་འཇུག་གི་སྟོབས་ལྡན་རྒྱལ་ཁབ་གཞན་པའི་མཉམ་ལས་གྲོགས་པོ་དག་དང་མཉམ་དུ་མཉམ་ལས་རྣམ་པར་གྲོས་བསྡུར་བྱེད་འདོད་ཡོད་ཟེར།
ཕུའུ་ཅིན་གྱིས་བསྟན་དོན། ཨུ་རུ་སི་ཡིས་ངེས་པར་དུ་རྒྱལ་ཁབ་རང་གི་མཁའ་འགྲུལ་ལས་དོན་གྱི་འཕེལ་རྒྱས་སྦས་ཤུགས་མཐོར་འདེགས་བཏང་སྟེ། རྒྱལ་ཁབ་འཕེལ་རྒྱས་དང་དཔལ་འབྱོར་ལག་རྩལ་བཅོས་བསྒྱུར། མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོར་འདེགས་བཅས་ཀྱི་སྒུལ་ཤུགས་གཙོ་བོ་ཞིག་ཏུ་འགྱུར་བར་བྱེད་དགོས་ཟེར།
ཕུའུ་ཅིན་གྱིས་ནན་གྱིས་བསྟན་དོན། ཨུ་རུ་སིའི་མཁའ་འགྲུལ་ལས་དོན་འཕེལ་རྒྱས་ཀྱི་ཐོག་མའི་ཁ་ཕྱོགས་ནི་མཁའ་ཁོངས་ཀྱི་རྨང་གཞིའི་ཞིབ་འཇུག་ཇེ་ཟབ་ཏུ་གཏོང་བ་དང་། ཨུ་རུ་སིའི་ཕྱོགས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་རང་སྟེང་གི་བར་སྣང་ཉིང་རྡུལ་ནུས་པའི་ཁྱབ་ཁོངས་ཀྱི་སྔོན་ཐོན་གོ་གནས་མཐོར་འདེགས་བྱེད་དགོས་ཟེར། ཨུ་རུ་སི་ཡིས་ཉེ་སྔོན་རྒྱལ་ཁབ་ཀྱི་མཁའ་འགྲུལ་ལས་གཞི་གསར་བ་བཏོན་ནས། དུས་ཡུན་ཐུང་ངུ་དང་དུས་ཡུན་རིང་བོའི་འཕེལ་རྒྱས་དམིགས་འབེན་བྱེ་བྲག་ཏུ་གཏན་འཁེལ་གསལ་བོ་བྱས་ཡོད་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注