ཐུ་ནི་ཞི་ཡཱའི་ཙུང་ཐུང་སེ་དབྱེ་ཏི་ཡིས་ཕཱ་ལེ་སི་ཐན་རྒྱལ་ཁབ་འཛུགས་པར་རྒྱབ་སྐྱོར་བྱེད་པ་བསྐྱར་སྒྲོག་བྱས།
ཐུ་ནི་ཞི་ཡཱའི་ཙུང་ཐུང་སེ་དབྱེ་ཏི་ཡིས་ཚེས15ཉིན་ཐུ་ནི་ཞི་ཡཱའི་རྒྱལ་ས་ཐུ་ནི་ཞི་ཡཱ་གྲོང་ཁྱེར་ནས་འཚམས་འདྲིར་ཡོང་བའི་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ཀའེ་ཐི་དང་གྲོས་མོལ་བྱེད་སྐབས། བློ་བརྟན་འགྱུར་མེད་ཀྱིས་སྒེར་ཚུགས་ཀྱིས་ཕཱ་ལེ་སི་ཐན་གྱི་རྒྱལ་ཁབ་འཛུགས་པར་རྒྱབ་སྐྱོར་བྱེད་པ་བསྐྱར་སྒྲོག་བྱས།
ཐུ་ནི་ཞི་ཡཱའི་ཙུང་ཐུང་བཞུགས་ཤག་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། སེ་དབྱེ་ཏི་ཡིས་གྲོས་མོལ་བྱེད་སྐབས་བསྟན་དོན། ཕཱ་ལེ་སི་ཐན་མི་དམངས་ཀྱི་ཁེ་དབང་ལ་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་སྲུང་སྐྱོབ་ཐོབ་ཡོད་ཟེར། སེ་དབྱེ་ཏི་ཡིས་དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་མི་དམངས་རྨེག་མེད་དུ་གཏོང་རྩིས་བྱེད་པ་དང་དེའི་རང་བཙན་བཙོན་ལེན་བྱེད་པའི་འདོད་བློར་རྒོལ་གཏམ་དྲག་པོ་བཏང་།
ཕྱོགས་གཉིས་ཀྱིས་ད་རུང་ཨ་རབ་རྒྱལ་ཁབ་ཀྱིས་ས་ཁུལ་དེའི་ཤུགས་རྐྱེན་ནུས་པ་མཐོར་འདེགས་གཏོང་བའི་ཐུན་མོང་ནུས་པར་གྲོས་བསྡུར་བྱས། སེ་དབྱེ་ཏི་ཡིས་བསྟན་དོན། འཛམ་གླིང་ཧྲིལ་བོར་སྔར་མེད་ཀྱི་འགྱུར་ལྡོག་འབྱུང་བཞིནཡོད་པ་དང་། ཨ་རབ་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་སྒྲིག་ལམ་གྱི་བཅོས་བསྒྱུར་ཁྲོད་ནུས་པ་སྔར་ལས་ཆེན་པོ་འདོན་པར་གལ་འགངས་ཧ་ཅང་ཆེ་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注