འཇར་པན་དང་པཱ་ཞི་ཡིས་མཉམ་ལས་ལ་བརྟེན་ནས་ཨ་མེ་རི་ཁའི་སྲིད་ཇུས་ཀྱི་ཉེན་ཁ་ཐག་གཅོད་བྱེད་པར་བརྩོན་ལེན་བྱས།
འཇར་པན་གྱི་སྨྱན་བྱད་མང་བོས་བསྒྲགས་པ་ལྟར་ན། ཨ་མེ་རི་ཁས་ཉེ་སྔོན་ཕྱོགས་གཅིག་རིང་ལུགས་ཀྱི་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་བྱས་པ་དང་། རྒྱལ་སྤྱིའི་གནས་བབ་རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་ཆེ་བའི་གནས་བབ་འོག འཇར་པན་དང་པཱ་ཞི་ཡིས་འཐབ་ཇུས་འབྲེལ་འདྲིས་འཚོལ་ཞིབ་བྱས་པ་དང་། མཉམ་ལས་འབྲེལ་བ་ཇེ་ཟབ་ཏུ་བཏང་སྟེ་ཨ་མེ་རི་ཁའི་སྲུང་སྐྱོབ་རིང་ལུགས་ཀྱི་ཉེན་ཁ་ཐག་གཅོད་བྱེད་པར་བརྩོན་ལེན་བྱེད་བཞིན་ཡོད་ཟེར།
འཇར་པན་གྱི་དབུ་བཞུགས་བློན་ཆེན་ཧྲི་ཕའོ་མའོ་ཡིས་ཚེས26ཉིན་འཇར་པན་དུ་འཚམས་འདྲིར་ཡོང་བའི་པཱ་ཞིའི་ཙུང་ཐུང་ལུའུ་ལཱ་དང་མཉམ་དུ་་ཏུང་ཅིན་ནས་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་བལྟས་ན། རྒྱལ་སྤྱིའི་གནས་བབ་རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་ཆེ་བའི་གནས་བབ་འོག ཕྱོགས་གཉིས་ཀྱི་མཉམ་ལས་མེད་དུ་མི་རུང་བས། ཆབ་སྲིད་དང་དཔལ་འབྱོར། ནམ་ཟླའི་འགྱུར་ལྡོག་སོགས་ནང་དོན་གཙོ་བོར་བཟུང་བའི་ལོ་ལྔའི་འགུལ་སྐྱོད་འཆར་གཞི་གཏན་འབེབས་བྱེད་རྒྱུ་ཐག་གཅོད་དགོས་པར་འདོད།
ཧྲི་ཕའོ་མའོ་ཡིས་བསྟན་དོན། པཱ་ཞིའི་སྤུས་ལེགས་སྐྱེ་དངོས་འབར་རྫས་དང་འཇར་པན་གྱི་ནུས་མཐོའི་རླངས་འཁོར་ལག་རྩལ་ནི་ཐཱན་སྙོམས་སྦྱོར་མངོན་འགྱུར་བྱེད་པའི་གནད་འགག་ཡིན་པས། རྒྱལ་ཁབ་གཉིས་ཀྱིས་ལག་རྡང་སྦྲེལ་ནས་འཛམ་གླིང་ཡོངས་ལ་འབྲེལ་ཡོད་ཀྱི་གྲོས་འགོ་འདོན་པའི་རིན་ཐང་ཡོད་ཟེར།
ལུའུ་ལཱ་ཡིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱིས་འཇར་པན་དང་འཕེལ་རྒྱས་འགྲོ་བཞིན་པའི་ཐུན་མོང་ཚོང་རའི་བར་ཕྱོགས་ཡོངས་ཀྱི་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད་འགོད་པར་སྐུལ་འདེད་གཏོང་དགོས་ཟེར། ལུའུ་ལཱ་ཡིས་ད་རུང་རྒྱལ་ཁབ་གཉིས་ཀྱི་ཁེ་ལས་བར་མཉམ་ལས་འབྲེལ་བ་བཙུགས་ནས་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་རེ་བཞིན་ཡོད་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注