དབྱི་རག་དམག་ཕྱོགས་ཀྱིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བདུན་འཛིན་བཟུང་བྱས།

དབྱི་རག་རྒྱལ་སྲུང་པུའུ་ཡིས་ཚེས26ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་རག་བདེ་འཇགས་དམག་དཔུང་གིས་རྒྱལ་ཁབ་དེའི་ནུབ་ཕྱོགས་ཀྱི་ཨན་ཨར་ཞིང་ཆེན་དང་བྱང་ཕྱོགས་ཀྱི་ཅི་ཨར་ཁུའུ་ཁི་ཞིང་ཆེན། ནེ་ནེ་ཝེ་ཞིང་ཆེན་བཅས་སུ་འཇིགས་སྐུལ་ངོ་རྒོལ་འགུལ་སྐྱོད་སྤེལ་ཏེ། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བདུན་འཛིན་བཟུང་བྱས་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཡང་དག་པའི་གསང་འཕྲིན་ལྟར་ན། དབྱི་རག་གི་དམག་དོན་གསང་འཕྲིན་སྡེ་ཁག་གིས་ས་ངོས་དམག་དཔུང་ལ་རོགས་ལས་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་པའི་སྦས་སྐོང་བྱེད་སར་གློ་བུར་དུ་འཇབ་རྒོལ་བྱས་ནས། གོང་གི་མི་བདུན་པོ་དེ་འཛིན་བཟུང་བྱས་ཏེ་འབྲེལ་ཡོད་སྡེ་ཁག་ལ་བརྒྱུད་སྤྲོད་བྱས་ཡོད། དྲག་ཆས་ཉེས་ཅན་དེ་དག་སྔོན་ཆད་དབྱི་རག་བདེ་འཇགས་དམག་དཔུང་ལ་དམིགས་པའི་འཇིགས་སྐུལ་འཇབ་རྒོལ་མང་བོར་ཞུགས་མྱོང་།

དབྱི་རག་སྲིད་གཞུང་གིས2017ལོའི་ཟླ12པར་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་འགུལ་སྐྱོད་ལ་རྒྱལ་ཁ་ཐོབ་པ་ཁྱབ་བསྒྲགས་བྱས། དེའི་རྗེས་སུ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་སྟོབས་ཤུགས་ལྷག་འཕྲོ་དབྱི་རག་གི་མཐའ་འཁོབ་ཞིང་སྡེ་ས་ཁུལ་དུ་འགྲོ་འདུག་བྱེད་བཞིན་ཡོད་པ་དང་། དུས་ངེས་མེད་དུ་འཇབ་རྒོལ་དོན་རྐྱེན་བཟོ་བཞིན་ཡོད་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号