དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་རྒྱ་བསྐྱེད་བྱེད་རྒྱུའི་ཚུལ་བསྟན།
དབྱི་སི་རལ་གྱི་རྒྱལ་སྲུང་བློན་ཆེན་ཁཱ་ཚི་ཡིས་ཚེས26ཉིན་བརྙན་རིས་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲའི་ས་ཁུལ་མང་བོར་དམག་དོན་འགུལ་སྐྱོད་སྤེལ་རྒྱུ་ཡིན་ཟེར།
ཁཱ་ཚི་ཡིས་བཤད་རྒྱུར། འཆར་གཞི་དེ་གྲ་སྒྲིག་བྱས་ཡོད་པ་དང་ཆོག་མཆན་ཀྱང་ཐོབ་ཡོད། ཅཱ་ཧྲ་ས་ཁུལ་གྱི་སྡོད་དམངས་དག་བཙན་གྱིས་ཕྱིར་འཐེན་བྱེད་དུ་འཇུག་རྒྱུ་ཡིན་པ་དང་། སྔར་ལས་མང་བའི་ས་ཞིང་ཤོར་སྲིད་ཟེར། ཁོས་ད་རུང་བཤད་རྒྱུར། ཅཱ་ཧྲ་ས་ཁུལ་གྱི་མིས་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཅཱ་ཧྲ་ས་ཁུལ་ནས་ཕྱིར་འཐེན་བྱེད་པའི་རེ་བ་འདོན་དགོས་པ་དང་། མྱུར་མོར་དབྱི་སི་རལ་གྱི་བཀག་འཇུག་ཐེབས་པའི་མི་སྣ་ཕྱིར་གཏོང་དགོས། དེ་ནི་འཁྲུག་རྩོད་མཚམས་འཇོག་པའི་བྱེད་ཐབས་ཉག་ཅིག་ཡིན་ཟེར།
ཉིན་དེ་སྔ་དྲོར། དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་གྲོས་ཚོགས་སྟེང་བསྟན་དོན། གལ་ཏེ་ཧཱ་མཱ་སི་ཡིས་བཀག་འཇུག་ཐེབས་པའི་དབྱི་སི་རལ་གྱི་མི་སྣ་ཕྱིར་མི་གཏོང་ན། དབྱི་སི་རལ་གྱི་དམག་དཔུང་གིས་སྔར་ལས་ཆེ་བའི་གནོན་ཤུགས་སྟེར་རྒྱུ་ཡིན་ལ་དེའི་ནང་ཅཱ་ཧྲ་ས་ཁུལ་གྱི་ས་ཁོངས་འཕྲོག་ལེན་དང་འགུལ་སྐྱོད་གཞན་པ་སྤེལ་བ་སོགས་འདུས་ཡོད་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注