ཨུ་རུ་སིའི་ཕྱོགས་ཨུ་རུ་སི་དང་ཨ་མེ་རི་ཁའི་འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོས་མོལ་ལ་ཡིད་ཚིམས་ཡོད།
ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཚེས26ཉིན་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁའི་བར་སྤེལ་བའི་འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོས་མོལ་ལ་ཡིད་ཚིམས་ཡོད་པ་དང་། ཕྱོགས་གཉིས་ཀྱིས་གནས་སྐབས་སུ་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་ནུས་ཁུངས་རྨང་གཞིའི་སྒྲིག་ཆས་ལ་དཔུང་འཇུག་བྱེད་མཚམས་འཇོག་པའི་གསལ་ཁྲ་ཞིག་གཏན་འཁེལ་བྱས་པ་དང་། དེ་ནི་གྲོས་མོལ་ལས་བླངས་པའི་གྲུབ་འབྲས་གལ་ཆེན་ཞིག་རེད་ཟེར།
ཕའེ་སི་ཁི་ཧྥུའུ་ཡིས་ཉིན་དེར་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁའི་བར་དངོས་གཉེར་དང་འཛུགས་སྐྲུན་རང་བཞིན་ལྡན་ལ། ཕན་འབྲས་ཡོད་པའི་གྲོས་མོལ་བྱས་པར་ཡིད་ཚིམས་ཡོད་ལ། ཨུ་རུ་སི་དང་ཨ་མེ་རི་ཁས་མུ་མཐུད་དུ་འབྲེལ་འདྲིས་དམ་ཟབ་བྱེད་རྒྱུ་ཡིན་ཟེར།
ཕའེ་སི་ཁི་ཧྥུའུ་ཡིས་ད་རུང་བསྟན་དོན། ཨུ་རུ་སིའི་དམག་དཔུང་གིས་ཙུང་ཐུང་ཕུའུ་ཅིན་གྱིས་བཏང་བའི་ཝུའུ་ཁི་ལན་ཕྱོགས་ཀྱི་ནུས་ཁུངས་རྨང་གཞིའི་སྒྲིག་ཆས་ལ་འཇབ་རྒོལ་བྱེད་མཚམས་འཇོག་པའི་བཀའ་རྒྱ་ལག་བསྟར་བྱེད་བཞིན་ཡོད་ཀྱང་། ཝུའུ་ཁི་ལན་གྱི་དམག་དཔུང་གིས་སྔར་བཞིན་ཨུ་རུ་སིའི་ནུས་ཁུངས་ཀྱི་རྨང་གཞིའི་སྒྲིག་ཆས་ལ་འཇབ་རྒོལ་བྱེད་རྩིས་ཡོད་ཟེར། ཁོས་ཝུའུ་ཁི་ལན་ཕྱོགས་ཀྱིས་འབྲེལ་ཡོད་ཀྱི་གྲོས་ཆོད་བརྩི་སྲུང་བྱེད་དགོས་པའི་སྐུལ་མ་བཏང་།
ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས26ཉིན་བཤད་རྒྱུར། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལིན་སི་ཅི་ཡིས་ལེ་ཡཱ་ཏི་ནས་བཀོད་པའི་ནུས་ཁུངས་རྨང་གཞིའི་སྒྲིག་ཆས་ལ་འཇབ་རྒོལ་བྱེད་མཚམས་འཇོག་པའི་གྲོས་གཞི་དེ་དང་ལེན་བྱས་ཡོད་ཀྱང་། ཝུའུ་ཁི་ལན་གྱི་དམག་དཔུང་གིས་སྔར་བཞིན་ཨུ་རུ་སིའི་དམངས་སྤྱོད་ནུས་ཁུངས་ཀྱི་རྨང་གཞིའི་སྒྲིག་ཆས་ལ་འཇབ་རྒོལ་བྱེད་བཞིན་ཡོད་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注