ཀུའུ་ཐི་ལོས་སི་ཡིས་ཨ་མེ་རི་ཁ་དང་ཨུ་རུ་སི། ཝུའུ་ཁི་ལན་བཅས་ཀྱིས་མཚོ་ནག་གི་སྐྱེལ་འདྲེན་བདེ་འཇགས་ཐད་ནས་ཐུན་མོང་ལྟ་ཚུལ་བཀོད་པར་དགའ་བསུ་ཞུས།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས26ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ཨ་མེ་རི་ཁ་དང་ཨུ་རུ་སི། ཨ་མེ་རི་ཁ་དང་ཝུའུ་ཁི་ལན་གྱི་འཐུས་ཚབ་ཚོགས་པས་ཉེ་སྔོན་སོ་སོར་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལེ་ཡཱ་ཏི་ནས་གྲོས་མོལ་བྱས་ཏེ། མཚོ་ནག་མཚོ་ཁོངས་ཀྱི་སྐྱེལ་འདྲེན་བདེ་འཇགས་སོགས་གྲོས་གཞིའི་ཐད་ནས་ཐུན་མོང་ལྟ་ཚུལ་བཀོད་པར་དགའ་བསུ་ཞུས།

གསལ་སྒྲོག་ལས་བཤད་རྒྱུར། མཚོ་ནག་མཚོ་ཁོངས་ཀྱི་སྐྱེལ་འདྲེན་བདེ་འཇགས་ཐད་ནས་གྲོས་མཐུན་བཀོད་དེ། དམངས་སྤྱོད་གྲུ་གཟིངས་དང་གྲུ་ཁའི་རྨང་གཞིའི་སྒྲིག་ཆས་ཀྱི་བདེ་འཇགས་ལ་འགན་སྲུང་བྱས་པ་དེས་འཛམ་གླིང་ཡོངས་ཀྱི་འབྲུ་རིགས་བདེ་འཇགས་དང་མཁོ་འདོན་མུ་འབྲེལ་ཐད་བྱས་རྗེས་གལ་ཆེན་འཇོག་ཐུབ་པར་མ་ཟད། ཝུའུ་ཁི་ལན་དང་ཨུ་རུ་སིའི་ཉོ་ཚོང་ལམ་ཐིག་དེའི་འཛམ་གླིང་ཡོངས་ཀྱི་ཚོང་རའི་གལ་ཆེན་རང་བཞིན་མངོན་པར་མཚོན་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨུ་རུ་སིའི་བར་བཀོད་པའི་ཨུ་རུ་སིའི་འབྲུ་རིགས་དང་ལུད་རྫས་འཛམ་གླིང་ཡོངས་ཀྱི་ཚོང་རར་བསྐྱལ་ནས་འཛམ་གླིང་ཡོངས་ཀྱི་འབྲུ་རིགས་བདེ་འཇགས་གནད་དོན་ཐག་གཅོད་བྱེད་པའི་བཟོད་སྒོམ་བརྗེད་ཐོ་དངོས་འབེབས་བྱེད་རྒྱུ་ཡིན་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཀུའུ་ཐི་ལོས་སི་ཡིས་མུ་མཐུད་དུ་ཞི་བདེ་བརྩོན་ལེན་བྱེད་པའི་བྱ་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང་། བྱ་བ་དེ་དག་གིས་ཡུན་རིང་འཁྲུག་རྩོད་མཚམས་འཇོག་པར་རྨང་འདིང་ཐུབ་པར་རེ་བཞིན་ཡོད་ལ། ཝུའུ་ཁི་ལན་ནས་དྲང་བདེན་དང་ཕྱོགས་ཡོངས། ཡུན་རིང་གི་ཞི་བདེ་མངོན་འགྱུར་བྱེད་པར་ཕན་ཐོགས་ཡོད་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号