ཧྥ་རན་སིའི་ཙུང་ཐུང་གིས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་མཚམས་བཞག་རྗེས་ཝུའུ་ཁི་ལན་གྱི་གྲོགས་པོའི་རྒྱལ་ཁབ་ཀྱིས་མངག་གཏོང་བྱས་པའི་དམག་དཔུང་དག་ཛ་དྲག་ཆེ་སར་བཀོད་སྒྲིག་བྱེད་མི་སྲིད་པའི་ཚུལ་བསྟན།

ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཚེས26ཉིན་བསྟན་དོན། མ་འོངས་པར་ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་འཁྲུག་རྩོད་མཚམས་བཞག་རྗེས། ཝུའུ་ཁི་ལན་གྱི་དམག་དཔུང་ནི་ཝུའུ་ཁི་ལན་གྱི་བདེ་འཇགས་ཀྱི་འགན་སྲུང་དང་པོ་ཡིན་པ་དང་། ཝུའུ་ཁི་ལན་གྱི་གྲོགས་པོའི་རྒྱལ་ཁབ་དག་གིས་ཝུའུ་ཁི་ལན་ལ་བདེ་འཇགས་འགན་སྲུང་འདོན་སྤྲོད་བྱེད་ཆེད་མངག་གཏོང་བྱས་པའི་དམག་དཔུང་དག་ཛ་དྲག་ཆེ་སར་བཀོད་སྒྲིག་བྱེད་མི་སྲིད་ཟེར།

མཱ་ཁི་ལུང་གིས་ཉིན་དེར་ཕཱ་རེ་སི་ནས་འཚམས་འདྲིར་ཡོང་བའི་ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལིན་སི་ཅི་ལ་ཐུག་འཕྲད་བྱས་ཏེ། མཉམ་དུ་ཚེས27ཉིན་ཕཱ་རེ་སི་ནས་སྤེལ་རྒྱུ་ཡིན་པའི་ཝུའུ་ཁི་ལན་གྱི་ཞི་བདེ་དང་བདེ་འཇགས་ཀྱི་མཐོ་རིམ་གྲོས་ཚོགས་ལ་གྲ་སྒྲིག་བྱས། ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་ཚེས26ཉིན་འདོན་སྤྲོད་བྱས་པའི་མིང་ཐོ་ལྟར་ན། མཱ་ཁི་ལུང་དང་ཙེ་ལིན་སི་ཅི་འདུས་པའི་རྒྱལ་ཁབ་ཉེར་བདུན་གྱི་མགོ་གཙོ་དང་སྲིད་གཞུང་གི་མགོ་བ་གྲོས་ཚོགས་ལ་ཞུགས་རྒྱུ་ཡིན་པ་དང་། དེ་ལས་གཞན་ད་རུང་ཡོ་རོབ་གླིང་མནའ་འབྲེལ་དང་བྱང་ཆིངས་རྩ་འཛུགས་ཀྱི་མགོ་ཁྲིད་པ་སོགས་ཀྱང་འདུས མིང་ཐོའི་སྟེང་དུ་ཨ་མེ་རི་ཁའི་འཐུས་མིའི་མིང་མེད་ཟེར།

མཱ་ཁི་ལུང་གིས་ཐུག་འཕྲད་བྱས་རྗེས་བསྡུས་པའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། བདེ་འཇགས་འགན་སྲུང་དང་ཞི་བདེ་སྲུང་སྐྱོབ་གཉིས་གོ་ལོག་ཏུ་གོ་མི་རུང་། མ་འོངས་པར་ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་འཁྲུག་རྩོད་མཚམས་བཞག་རྗེས། ཚོད་དཔག་བྱས་ན་སྔར་བཞིན་ཛ་དྲག་ཆེ་སའི་གནས་ཡོད་སྲིད་པས། ཞི་བདེ་སྲུང་སྐྱོབ་ཀྱི་རྐྱེན་སྲོལ་དགོས་པ་དང་། དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་བསྩལ་བའི་ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་སོགས་ཡིན་ཆོག དེ་དང་ཁྱད་པར་ངེས་ཅན་ཡོད་པ་ནི་ཝུའུ་ཁི་ལན་གྱི་གྲོགས་པོའི་རྒྱལ་ཁབ་དག་གིས་ཝུའུ་ཁི་ལན་ལ་བདེ་འཇགས་འགན་སྲུང་འདོན་སྤྲོད་བྱེད་ཆེད་མངག་གཏོང་བྱས་པའི་དམག་དཔུང་དག་ཛ་དྲག་ཆེ་སའི་གནས་སུ་བཀོད་སྒྲིག་བྱེད་མི་སྲིད་ལ། རྗེས་གྲབས་ཀྱི་སྟོབས་ཤུགས་སུ་བྱས་ཏེ། འབྲེལ་ཡོད་རྒྱལ་ཁབ་ཀྱི་རེ་འདུན་དང་གྲོས་མོལ་ལྟར་དུ་ཝུའུ་ཁི་ལན་མངའ་ཁོངས་ཀྱི་འཐབ་ཇུས་ས་གནས་གལ་ཆེན་དུ་བཀོད་སྒྲིག་བྱེད་འདོད་ཡོད་པར་མ་ཟད། དམག་དོན་སྦྱོང་བརྡར་དང་མཁོ་སྒྲུབ་སོགས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་དགོས་ཟེར།

མཱ་ཁི་ལུང་གིས་ད་རུང་ཁྱབ་བསྒྲགས་བྱས་དོན། ཧྥ་རན་སི་ཡིས་ཝུའུ་ཁི་ལན་ལ་ཡོ་སྒོར་ཐེར་འབུམ་གཉིས་ཀྱི་དམག་དོན་རོགས་སྐྱོར་ཁ་སྣོན་བྱེད་རྒྱུ་ཡིན་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号