ཧོང་ཏི་རཱ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་ཧོང་ཏུ་རཱ་སི་དང་ཀྲུང་གོའི་མཉམ་ལས་ལས་ཧོང་ཏུ་རཱ་སིའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད་པའི་ཚུལ་བསྟན།

ཧོང་ཏུ་རཱ་སི་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཡུས་པའོ་ཡིས་ཚེས24ཉིན་ཧོང་ཏུ་རཱ་སིའི་ཕྱི་འབྲེལ་བློན་ཆེན་ལོས་ནཱ་ཡིས་ཀྲུང་གོས་ཧོང་ཏུ་རཱ་སིར་རོགས་སྐྱོར་བྱེད་པའི་འབྲེལ་ཡོད་དངོས་རྫས་ཀྱི་རྣམ་གྲངས་ཀྱི་གྲ་སྒྲིག་རང་བཞིན་གྱི་ལག་རྩལ་ཞིབ་འཇུག་ཡིག་ཆ་བཀོད།

ལོས་ནཱ་ཡིས་ཧོང་ཏུ་རཱ་སིའི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱེད་པ་བསྐྱར་སྒྲོག་བྱས་པ་དང་། ཧོང་ཏུ་རཱ་སིའི་ཙུང་ཐུང་ཁཱ་སི་ཐི་ལོ་ཡི་ཚབ་བྱས་ཏེ་ཀྲུང་གོའི་ཕྱོགས་ཀྱིས་ཧོང་ཏུ་རཱ་སིར་རྒྱབ་སྐྱོར་གང་ལེགས་བྱེད་པར་བཀའ་དྲིན་ཞུས་པ་དང་། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་གཉིས་འགོར་བའི་རིང་བླངས་པའི་གཡུར་དུ་ཟ་བའི་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་བྱས་པར་མ་ཟད། འབྲེལ་ཡོད་ལས་གཞི་དག་ཧོང་ཏུ་རཱ་སིས་དོ་སྣང་བྱེད་པའི་ཐོན་སྐྱེད་དང་དམངས་གཙོའི་ཁྱབ་ཁོངས་གཙོ་བོར་འབྲེལ་ཡོད་ལ། སྔར་ལས་ལྷག་པའི་སྒོ་ནས་ཧོང་ཏུ་རཱ་སིའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ནས་སྔར་ལས་ལྷག་པའི་སྒོ་ནས་ཧོང་ཏུ་རཱ་སི་དང་ཀྲུང་གོའི་མཉམ་ལས་ཀྱི་སྦྲེལ་ཐག་ཇེ་དམ་དུ་གཏོང་དགོས་པའི་ཚུལ་བསྟན།

ཡུས་པའོ་ཡིས་བསྟན་དོན། ཀྲུང་གོ་དང་ཧོང་ཏུ་རཱ་སི་ཡིས་ཀྲུང་གོ་གཅིག་གི་རྩ་དོན་གྱི་རྨང་གཞིའི་སྟེང་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་གཉིས་འགོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་འཐབ་ཇུས་ཁྲིད་སྟོན་འོག ཕྱོགས་གཉིས་ཀྱི་འབྲེལ་བར་ཆུ་ཚད་མཐོ་བའི་འཕེལ་རྒྱས་བྱུང་བ་དང་། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་གྲུབ་འབྲས་མངོན་གསལ་ཐོབ་ནས། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་རང་ནུས་ཅི་ལྕོགས་ཀྱིས་ཧོང་ཏུ་རཱ་སིའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་དང་། ཧོང་ཏུ་རཱ་སིའི་དམངས་འཚོའི་ལེགས་བཅོས་ལ་རོགས་འདེགས་བྱས་ཏེ། ཀྲུང་གོ་དང་ཧོང་ཏུ་རཱ་སིའི་མཛའ་བརྩེ་ཇེ་ཟབ་ཏུ་སོང་ནས་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号