ཨུ་རུ་སིའི་ཕྱོགས་ཀྱིས་ཕྱོགས་སོ་སོས་དང་ལེན་བྱེད་ཐུབ་པའི་རྣམ་པས་མཚོ་ནག་གྲོས་མཐུན་སླར་གསོ་བྱེད་དགོས་པའི་འདོད་བློ་བཏོན།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཨུ་རུ་སིའི་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་ཕྱོགས་སོ་སོས་དང་ལེན་བྱེད་ཐུབ་པའི་རྣམ་པས་མཚོ་ནག་གྲུ་ཁའི་ཞིང་ཞོར་ཐོན་རྫས་ཕྱིར་སྐྱེལ་གྲོས་མཐུན་སླར་གསོ་བྱེད་པའི་འདོད་བློ་བཏོན་ཡོད་ཟེར།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཨུ་རུ་སིའི་འཕྲིན་ལམ་དང་པོའི་བརྙན་འཕྲིན་ཁང་གིས་ཚེས25ཉིན་བཏང་བའི་ཆེད་དོན་བཅར་འདྲིའི་ནང་བཤད་རྒྱུར། ཨུ་རུ་སི་དང་ཨ་མེ་རི་ཁས་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལེ་ཡཱ་ཏིའི་གྲོས་མོལ་ནས་ཐོག་མར་མཚོ་ནག་མཚོ་ཁོངས་ཀྱི་སྐྱེལ་འདྲེན་བདེ་འཇགས་གནད་དོན་ལ་གྲོས་བསྡུར་བྱས། དེའི་སྔོན་མཚོ་ནག་གྲུ་ཁའི་ཞིང་ཞོར་ཐོན་རྫས་ཕྱིར་སྐྱེལ་གྲོས་མཐུན་ལག་བསྟར་བྱེད་པའི་གནད་དོན་ཐད་ནས། ནུབ་ཕྱོགས་ཀྱིས་ཝུའུ་ཁི་ལན་ལ་འགེབས་སྲུང་བྱས་ནས་ཨུ་རུ་སིར་ཆད་གཅོད་བྱེད་ཐབས་སྤྱད་ཡོད། ཨུ་རུ་སི་ཕྱོགས་ཀྱི་གྲོས་མོལ་འཐུས་མིས་ལེ་ཡཱ་ཏི་ནས་སེམས་ཁུར་བྱེད་པའི་རེ་བ་དེ་དག་ཨ་མེ་རི་ཁའི་འཐུས་མིར་བཤད་པ་དང་། ཨུ་རུ་སིའི་ཕྱོགས་ཀྱིས་གསལ་ཐག་ཆོད་མེད་པའི་གྲོས་གཞི་གང་རུང་དང་ལེན་བྱེད་ཐབས་མེད་པ་ནན་བཤད་བྱས།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བསྟན་དོན། ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་སྟབས་བདེ་རྣམ་པས་འབྲེལ་ཡོད་ཀྱི་གྲོས་མཐུན་གསར་བསྒྱུར་བྱེད་དགོས་པའི་གྲོས་གཞི་བཏོན་པ་དང་། ཨུ་རུ་སིའི་ཕྱོགས་འབྲེལ་ཡོད་ཀྱི་རེ་བ་ཚང་མར་ཡིད་འཐད་བྱུང་ཡོད་ཀྱང་། ཝུའུ་ཁི་ལན་ཕྱོགས་ཀྱི་བསམ་ཚུལ་ལ་ཆེས་མཇུག་མཐར་འགྱུར་ལྡོག་བྱུང་བ་རེད། དེ་ལས་གཞན་ཝུའུ་ཁི་ལན་ཕྱོགས་ འཁྲུག་རྩོད་མཚམས་འཇོག་པར་འཐད་པ་བྱུང་ཡང་། ཐེངས་མང་བོར་དམ་བཅའ་དང་འགལ་བའི་བྱ་སྤྱོད་སྤེལ་བ་རེད་ཟེར། ཁོས་ནན་གྱིས་བསྟན་དོན། ཝུའུ་ཁི་ལན་གྱིས་བསམ་ཚུལ་བསྒྱུར་བ་དང་གྲོས་མཐུན་དང་འགལ་བའི་བྱ་སྤྱོད་སྤེལ་བར་དམིགས་ནས། ཨུ་རུ་སིའི་ཕྱོགས་ལ་མངོན་གསལ་དང་བྱེ་བྲག་གི་འགན་སྲུང་དང་རྐྱེན་སྲོལ་ནུས་ལྡན་ཞིག་གིས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་དང་འབྲེལ་བའི་གནད་དོན་ཐག་གཅོད་བྱེད་དགོས་ཡོད་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号