ཝུའུ་ཁི་ལན་གྱི་དམག་དཔུང་གིས་ཡང་བསྐྱར་ཨུ་རུ་སིའི་མངའ་ཁོངས་ཀྱི་ནུས་ཁུངས་རྨང་གཞིའི་སྒྲིག་ཆས་ལ་འཇབ་རྒོལ་བྱས།
ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས24ཉིན་བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་གྱི་དྲག་ཆས་དམག་དཔུང་གིས་ཉིན་དེར་ཡང་བསྐྱར་ཨུ་རུ་སིའི་ཁི་ལཱ་སི་ནོའུ་ཏཱ་ཨར་མཐའ་མཚམས་ས་ཁུལ་གྱི་ནུས་ཁུངས་རྨང་གཞིའི་སྒྲིག་ཆས་ཤིག་ལ་འཇབ་རྒོལ་བྱས་ཟེར།
ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་བཤད་རྒྱུར། ཉིན་དེའི་ཞོགས་པའི་དུས་ཚོད་གཉིས་ཡས་མས་སུ། ཝུའུ་ཁི་ལན་གྱི་དམག་དཔུང་གིས་ཡང་བསྐྱར་མི་མེད་གནམ་གྲུ་བཀོལ་ནས་ཁི་ལཱ་སི་ནོའུ་ཏཱ་ཨར་མཐའ་མཚམས་ས་ཁུལ་གྱི་ལི་ཧེ་སྦུག་ལམ་སྡེ་ཚོགས་ཀུང་ཟིའི་ཁི་ལུའུ་ཕའོ་ཐི་ཅིན་རྡོ་སྣུམ་སྦུག་འདྲེན་ས་ཚིགས་ལ་འཇབ་རྒོལ་བྱས་ཟེར།
ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་བཤད་རྒྱུར། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལིན་སི་ཅི་ཡི་བཤད་ཚུལ་དང་རྒྱབ་འགལ་དུ་སོང་ཡོད་པ་དང་། ཝུའུ་ཁི་ལན་ཕྱོགས་ཀྱིས་བསམ་བཞིན་དུ་ཨུ་རུ་སིའི་མངའ་ཁོངས་ཀྱི་ནུས་ཁུངས་རྨང་གཞིའི་སྒྲིག་ཆས་ལ་དཔུང་འཇུག་བྱས་ཡོད་ལ། དེའི་ནང་རྒྱལ་སྤྱིའི་ནུས་ཁུངས་ཀྱི་རྨང་གཞིའི་སྒྲིག་ཆས་འདུས་ཡོད་ཟེར།
ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཚེས24ཉིན་བཤད་རྒྱུར། ཝུའུ་ཁི་ལན་ཕྱོགས་ཀྱིས་ནུས་ཁུངས་རྨང་གཞིའི་སྒྲིག་ཆས་ལ་དམིགས་པའི་འཁྲུག་རྩོད་མཚམས་འཇོག་པའི་དམ་བཅའ་དང་འགལ་བའི་བྱ་སྤྱོད་སྤེལ་ཡང་། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་དེའི་སྔོན་དམག་ཕྱོགས་ལ་བསྒྲགས་པའི་ཝུའུ་ཁི་ལན་གྱི་ནུས་ཁུངས་རྨང་གཞིའི་སྒྲིག་ཆས་ལ་འཇབ་རྒོལ་མི་བྱེད་པའི་བཀའ་རྒྱ་བསྒྱུར་མེད་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注