ཨེ་ཅིབ་ཀྱིས་ཧཱ་མཱ་སི་ཡིས་མི་ལྔ་བཏང་ནས་ཉིན་བཞི་བཅུའི་རིང་འཁྲུག་རྩོད་མཚམས་འཇོག་ཏུ་འཇུག་རྒྱུའི་གྲོས་གཞི་བཏོན།

ཨེ་ཅིབ་བདེ་འཇགས་སྡེ་ཁག་གི་འབྲེལ་ཡོད་མི་སྣ་གཉིས་ཀྱིས་ཚེས24ཉིན་གསར་འགོད་པར་བཤད་རྒྱུར། ཨེ་ཅིབ་ཀྱིས་ཚེས23ཉིན་གྱི་དགོང་མོར་དབྱི་སི་རལ་དང་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ལ་བྲེལ་མྱུར་གྲོས་གཞི་ཞིག་བཏོན་པ་དང་། དམིགས་ཡུལ་ནི་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ཡང་བསྐྱར་ལག་བསྟར་བྱེད་དུ་འཇུག་ཆེད་རེད།

གྲོས་གཞི་དེ་ལས་ཧཱ་མཱ་སི་ཡིས་བཀག་འཇུག་བྱས་པའི་དབྱི་སི་རལ་གྱི་མི་ལྔ་ཕྱིར་གཏོང་དགོས་པའི་རེ་བ་བཏོན་པ་དང་། དེའི་ནང་དབྱི་སི་རལ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་ཐོབ་ཐང་ཡོད་པའི་དབྱི་སི་རལ་གྱི་དམག་མི་གཅིག་འདུས་ཡོད་ལ། དེར་བརྟེན་ནས་ཅཱ་ཧྲ་ས་ཁུལ་དུ་ཉིན40རིང་འཁྲུག་རྩོད་མཚམས་འཇོག་ཏུ་བཅུག་སྟེ། འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་གྱི་དུས་རིམ་གཉིས་པའི་གྲོས་མོལ་སླར་གསོ་བྱེད་པར་གྲ་སྒྲིག་བྱེད་དགོས་ཟེར།

གནས་ཚུལ་ཤེས་མཁན་དེས་བཤད་པ་ལྟར་ན། ཧཱ་མཱ་སི་གོང་གི་གྲོས་གཞི་དེར་ཡིད་འཐད་བྱུང་ཡོད་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号