མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནུས་པར་ཤུགས་སྣོན་བྱས་ཏེ་ཕྱོགས་མང་རིང་ལུགས་དར་སྤེལ་གཏོང་དགོས་ཞེས་པའི་རྒྱལ་སྤྱིའི་དཔྱད་གླེང་ཚོགས་འདུ་པེ་ཅིང་དུ་བསྡུས།
ཟླ3པའི་ཚེས24ཉིན། ཀྲུང་གོའི་ཕྱི་འབྲེལ་པུའུ་ཡིས་སྤེལ་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནུས་པར་ཤུགས་སྣོན་བྱས་ཏེ་ཕྱོགས་མང་རིང་ལུགས་དར་སྤེལ་གཏོང་དགོས་ཞེས་པའི་རྒྱལ་སྤྱིའི་དཔྱད་གླེང་ཚོགས་འདུ་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱེ་ཡིས་ཡིག་ཐོག་གི་ཞུ་ཚིག་ཕུལ།
ཝང་དབྱེ་ཡིས་བསྟན་དོན། ན་ནིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མ་འོངས་པའི་མཐོ་རིམ་གྲོས་ཚོགས་བདེ་བླག་ངང་སྤེལ་བ་ལས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕྱོགས་མང་རིང་ལུགས་དར་སྤེལ་བྱེད་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནུས་པར་ཤུགས་སྣོན་པ། འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ་བཅས་ལ་རྒྱབ་སྐྱོར་བྱེད་པའི་ཡོངས་ཁྱབ་ཀྱི་རེ་འདུན་མངོན་པར་མཚོན་ཡོད། ད་ལོ་ནི་འཛམ་གླིང་ཧྥ་ཞི་སི་ལ་ངོ་རྒོལ་བྱེད་པའི་འཐབ་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ80འགོར་བའི་ལོ་དང་། མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་ངོ80འགོར་བའི་ལོར་འཁེལ་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱལ་ཁབ་སོ་སོས་མཐུན་སྒྲིལ་རོགས་རེས་བྱེད་པ་དང་། མི་ཡུལ་གྱི་བདེན་ལུགས་བརྟན་སྲུང་བྱེད་པ། དུས་རབས་ཀྱི་རླབས་རྒྱུན་དམ་འཛིན་བྱེད་པ། འདྲ་མཉམ་དང་དྲང་བདེན་ལ་སྲུང་སྐྱོབ་བྱེད་པ། འཛམ་གླིང་གི་ཞི་བདེ་དང་གཏན་འཇགས་ལ་སྲུང་སྐྱོབ་བྱས་ཏེ་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་གཏོང་བར་རེ་སྒུག་བྱེད་བཞིན་ཡོད་ཟེར།
རྒྱལ་ཁབ་དང་རྒྱལ་སྤྱི། ས་ཁུལ་བཅས་ཀྱི་རྩ་འཛུགས་ལྔ་བཅུ་ལྷག་ནས་ཡོང་བའི་ཀྲུང་གོར་སྡོད་པའི་འཐུས་མི་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས། འབྲེལ་ཡོད་པུའུ་ཨུའི་འཐུས་མི། ཆེད་མཁས་པ་སོགས་བསྡོམས་པས་མི་བརྒྱ་ལྷག་དཔྱད་བསྡུར་ཚོགས་འདུར་ཞུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注