ཨ་མེ་རི་ཁའི་ཆེད་མངག་ཕོ་ཉ་མའོ་སི་ཁོ་རུ་འབྱོར་ནས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་གནས་བབ་ལ་གྲོས་མོལ་བྱེད་རྒྱུ་རེད།

ཐཱ་སི་གསར་འགྱུར་ཁང་གིས་ཚེས13ཉིན་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་དབུས་ཤར་གནད་དོན་གྱི་ཆེད་མངག་ཕོ་ཉ་ཝེ་ཐི་ཁི་ཧྥུའུ་ཉིན་དེའི་ཉིན་གུང་ཨུ་རུ་སིའི་རྒྱལ་ས་མའོ་སི་ཁོ་རུ་འབྱོར་བ་དང་། ཨུ་རུ་སིའི་སྲིད་གཞུང་དང་མཉམ་དུ་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་གནས་བབ་ལ་གྲོས་བསྡུར་བྱེད་རྒྱུ་རེད།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧཱ་ལོ་ཝ་ཡིས་ཚེས13ཉིན་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁ་དང་ཝུའུ་ཁི་ལན་གྱི་འཐུས་མིས་སོ་ཏི་ཨ་རབ་ཀྱི་ཅི་ཏཱ་གྲོང་ཁྱེར་ནས་སྤེལ་བའི་གྲོས་མོལ་ལ་དོ་སྣང་བྱེད་བཞིན་ཡོད་པ་དང་། ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁ་དང་མཉམ་དུ་འབྲེལ་འདྲིས་བྱེད་སྐབས་གྲོས་མོལ་གྱི་བྱེ་བྲག་གི་ནང་དོན་ལ་རྒྱུས་ལོན་བྱུང་ཡོད་ཟེར། ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་ཅི་ཏཱའི་གྲོས་མོལ་དང་འབྲེལ་བའི་གནས་ཚུལ་ཚང་མ་ཤེས་རྗེས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཞི་འཇགས་སུ་གཏོང་བར་སྐུལ་འདེད་གཏོང་བའི་ལངས་ཕྱོགས་གཏན་འཁེལ་བྱས་ཡོད་ཟེར།

ཨ་མེ་རི་ཁའི་ཕོ་བྲང་དཀར་པོའི་གསར་འགྱུར་དྲུང་ཡིག་ལའེ་ཝེ་ཐི་ཡིས་བསྟན་དོན། ཝེ་ཐི་ཁི་ཧྥུའུ་ཡིས་གཟའ་འཁོར་འདིའི་ནང་ཨུ་རུ་སིར་འཚམས་འདྲི་བྱེད་རྒྱུ་ཡིན་པ་དང་། ཨུ་རུ་སིའི་ཕྱོགས་དང་མཉམ་དུ་ཨ་མེ་རི་ཁས་བཏོན་པའི་ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་དུས་ཡུན་ཉིན་སུམ་ཅུའི་རིང་ལ་གནས་སྐབས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་གཞིར་གྲོས་བསྡུར་བྱེད་རྒྱུ་རེད་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号