སོ་ཏི་ཨ་རབ་དང་ལེ་པཱ་ནུན་གྱིས་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ་ཨ་རབ་ཀྱི་ཐུན་མོང་འགུལ་སྐྱོད་ནན་བཤད་བྱས།
སོ་ཏི་ཨ་རབ་དང་ལེ་པཱ་ནུན་གྱིས་ཚེས4ཉིན་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། ཨ་རབ་ཐུན་མོང་འགུལ་སྐྱོད་ལ་ཤུགས་སྣོན་དགོས་པའི་ནན་བཤད་བྱས།
སོ་ཏི་ཨ་རབ་འཕྲིན་གཏོང་ཁང་གིས་ཚེས4ཉིན་བསྒྲགས་པ་ལྟར་ན། ཕྱོགས་གཉིས་ཀྱིས་མཉམ་འབྲེལ་གསལ་སྒྲོག་ཁྲོད་ཕྱོགས་ཡོངས་ནས་ཐཱ་དབྱེ་ཧྥུའུ་གྲོས་མཐུན་དང་དེར་འབྲེལ་གྱི་རྒྱལ་སྤྱིའི་གྲོས་ཆོད་དངོས་འབེབས་བྱས་ཏེ། ལེ་པཱ་ནུན་རྒྱལ་ཁབ་ཀྱི་བདག་དབང་མངའ་ཁོངས་ཡོངས་ལ་ཁྱབ་པར་འགན་སྲུང་བྱེད་དགོས་ལ། མཚོན་ཆ་དག་ལེ་པཱ་ནུན་སྲིད་གཞུང་གིས་ཚོད་འཛིན་བྱེད་དགོས་པ་ནན་བཤད་བྱས། ཕྱོགས་གཉིས་ཀྱིས་ནན་གྱིས་བསྟན་དོན། དབྱི་སི་རལ་གྱི་དམག་དཔུང་ངེས་པར་དུ་ལེ་པཱ་ནུན་གྱི་མངའ་ཁོངས་ནས་ཕྱིར་འཐེན་བྱེད་དགོས་ཟེར།
ལེ་པཱ་ནུན་གྱི་ཙུང་ཐུང་ཨོ་ཨིན་གྱིས་ཚེས3ཉིན་ནས་ཚེས4ཉིན་བར་སོ་ཏི་ཨ་རབ་ལ་འཚམས་འདྲི་བྱས་པ་དང་། དེའི་སྐབས་སུ་སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་དམ་དབུ་བཞུགས་བློན་ཆེན་མུའུ་ཧན་མའོ་ཏི་དང་གྲོས་མོལ་བྱས་ཏེ། ལེ་པཱ་ནུན་དང་ས་ཁུལ་གྱི་གནས་བབ། དེ་མིན་རྒྱལ་ཁབ་གཉིས་ཀྱི་འབྲེལ་བབཅས་ལ་གྲོས་བསྡུར་བྱས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注