ཙེ་ལིན་སི་ཅི་ཡིས་ཝུའུ་ཁི་ལན་ཕྱོགས་ཀྱིས་ཨ་མེ་རི་ཁའི་མགོ་ཁྲིད་འོག་མྱུར་མོར་ཞི་བའི་གྲོས་མོལ་མགོ་རྩོམ་འདོད་ཡོད་པའི་ཚུལ་བསྟན།

ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལིན་སི་ཅི་ཡིས་ཚེས4ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཁོས་མིག་སྔར་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་དང་མཉམ་དུ་ཨ་མེ་རི་ཁའི་ཕོ་བྲང་དཀར་པོ་ནས་གྲོས་མོལ་བྱེད་སྐབས་བྱུང་བའི་དོན་དག་ཡོད་ཚད་ལ་འཕང་སེམས་སྐྱེས་བཞིན་ཡོད་པ་དང་། ཁོ་དང་ཝུའུ་ཁི་ལན་གྱི་འཐུས་ཚབ་ཚོགས་པས་མྱུར་མོར་གྲོས་མོལ་མགོ་བརྩམས་ནས་ཡུན་རིང་ཞི་བདེ་མངོན་འགྱུར་བྱེད་འདོད་ཡོད་ཟེར།

ཙེ་ལིན་སི་ཅི་ཡིས་བཤད་རྒྱུར། ཝུའུ་ཁི་ལན་ཕྱོགས་ཀྱིས་ཨ་མེ་རི་ཁ་དང་ཐི་ལིང་ཕུའུ་ཡིས་ཝུའུ་ཁི་ལན་ལ་རོགས་རམ་བྱས་ནས་བདག་དབང་དང་སྒེར་ཚུགས་སྲུང་སྐྱོབ་བྱེད་པ་དང་། ཝུའུ་ཁི་ལན་ལ་དམག་དོན་རོགས་སྐྱོར་འདོན་སྤྲོད་བྱས་པར་བཀའ་དྲིན་ཞུས་པ་དང་། ཁོས་ཉེ་སྔོན་ཨ་མེ་རི་ཁའི་ཕོ་བྲང་དཀར་པོའི་གྲོས་མོལ་དེ་སྔོན་དཔག་ལྟར་སྤེལ་མ་ཐུབ་པར་འཕང་སེམས་སྐྱེས་ཡོད་ཟེར། ཁོས་བཤད་རྒྱུར། ད་ལྟ་ནོར་འཆུག་ཡོ་བསྲང་བྱེད་པའི་དུས་ལ་བབས་ཡོད་པས། ཝུའུ་ཁི་ལན་ཕྱོགས་ཀྱིས་རྗེས་ཕྱོགས་ཀྱི་མཉམ་ལས་དང་འབྲེལ་འདྲིས་ལ་འཛུགས་སྐྲུན་རང་བཞིན་ལྡན་པར་རེ་བཞིན་ཡོད། ཁོ་དང་ཁོའི་འཐུས་ཚབ་ཚོགས་པས་ཐི་ལིང་ཕུའུ་ཡི་མགོ་ཁྲིད་བརྟན་པོའི་འོག་ཡུན་རིང་ཞི་བདེ་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་འདོད་ཡོད་ཟེར།

ཨ་མེ་རི་ཁ་དང་ཝུའུ་ཁི་ལན་གྱི་གཏེར་ཁའི་གྲོས་མཐུན་ཐད་ནས་ཙེ་ལིན་སི་ཅི་ཡིས་བསྟན་དོན། ཝུའུ་ཁི་ལན་ཕྱོགས་ཀྱིས་དུས་ངེས་མེད་དུ་སྟབས་བདེ་བའི་སྐབས་གང་རུང་ལ་གྲོས་མཐུན་འགོད་འདོད་ཡོད་པ་དང་། ཝུའུ་ཁི་ལན་ཕྱོགས་ཀྱིས་གྲོས་མཐུན་དེ་བདེ་འཇགས་འགན་སྲུང་གི་ཕྱོགས་སུ་བསྐྱོད་པའི་གོམ་རིམ་གལ་ཆེན་ཞིག་ཏུ་བརྩིས་ཡོད་ལ། ཁོས་གྲོས་མཐུན་དེས་ནུས་པ་འདོན་ཐུབ་པར་རེ་བཞིན་ཡོད་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号