ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨ་མེ་རི་ཁས་ཁཱ་ནཱ་ཏཱ་དང་མའོ་ཞི་ཁའོ་ཡི་སྒོ་གཅལ་ཁ་སྣོན་བྱས་པར་རྒོལ་གཏམ་དྲག་པོ་བཏང་།

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པ་ཅི་ཨར་གྱིས་ཚེས4ཉིན་གསལ་སྒྲོག་སྤེལ་ཏེ་ཨ་མེ་རི་ཁས་ཁཱ་ནཱ་ཏཱ་དང་མའོ་ཞི་ཁོ་ཡི་སྒོ་གཅལ་ཁ་སྣོན་བྱས་པར་སྐྱོན་བརྗོད་བྱས་པར་མ་ཟད། ཨ་མེ་རི་ཁ་ཕྱོགས་ཀྱིས་རང་གི་ཉོ་ཚོང་སྲིད་ཇུས་ལ་ཡང་བསྐྱར་བསམ་བློ་གཏོང་དགོས་པའི་འབོད་སྐུལ་བཏང་།

སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཅི་ཨར་གྱིས་གློག་རྡུལ་ཡིག་སྒམ་བརྒྱུད་དེ་སྤེལ་བའི་གསལ་སྒྲོག་ཅིག་གི་ནང་བཤད་རྒྱུར། ང་ཚོས་ཨ་མེ་རི་ཁས་ཡང་བསྐྱར་རང་གི་བྱེད་ཐབས་ལ་བསམ་བློ་བཏང་སྟེ། ཧུར་ཐག་སྒོས་ཕྱོགས་སོ་སོའི་མཉམ་ལས་ལ་ཕན་པ་དང་སྒྲིག་སྲོལ་རྨང་གཞིར་བྱས་པའི་ཐག་གཅོད་བྱེད་ཐབས་ཤིག་འཚོལ་ཞིབ་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོས་ནན་གྱིས་བསྟན་དོན། རྒྱལ་སྤྱིའི་མཉམ་ལས་དེ་སྔོན་ཆད་ཀྱི་དུས་སྐབས་གང་ལས་ཀྱང་གལ་ཆེ་བ་དང་། ཨ་མེ་རི་ཁའི་བྱེད་ཐབས་དེས་འཛམ་གླིང་ཡོངས་ཀྱི་ཉོ་ཚོང་ལ་རྙོག་དྲ་བཟོས་ཡོད་ལ། དཔལ་འབྱོར་གྲོགས་པོར་གནོད་པ་ཐེབས་ཡོད་པར་མ་ཟད། དགོས་མེད་ཀྱི་གཏན་འཇགས་མིན་པའི་སྣང་ཚུལ་འབྱུང་དུ་བཅུག་ཡོད་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号