ཀྲུང་གོ་དང་དབྱིན་ཇིའི་འཐབ་ཇུས་གྲོས་མོལ་ཐེངས་བཅུ་པས་གྲུབ་འབྲས་བཟང་པོ་བླངས།

ས་གནས་དེའི་དུས་ཚོད་ཟླ2ཚེས13ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་ལོན་ཏུན་ནས་དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་མཱིས་ལ་དང་མཉམ་དུ་ཀྲུང་གོ་དང་དབྱིན་ཇིའི་འཐབ་ཇུས་གྲོས་མོལ་ཐེངས་བཅུ་པ་སྤེལ།

ཕྱོགས་གཉིས་གོ་རིམ་རྗེས་མའི་ཕྱོགས་གཉིས་ཀྱི་འགྲོ་འོང་མཉམ་ལས་འཆར་གཞིའི་ཐད་ནས་ཐུན་མོང་ལྟ་ཚུལ་བྱུང་།

གཅིག་ནི་དབྱིན་ཇིའི་ནུས་ཁུངས་བདེ་འཇགས་དང་ཕྱིར་གཏོང་བློན་ཆེན་གྱིས་ཀྲུང་གོར་འཚམས་འདྲི་བྱས་ཏེ་ཀྲུང་གོ་དང་དབྱིན་ཇིའི་ནུས་ཁུངས་ཐད་ཀྱི་གྲོས་མོལ་སྤེལ་བ།

གཉིས་ནི་དབྱིན་ཇིའི་ཚན་རིག་དང་གསར་གཏོད། ལག་རྩལ་བློན་ཆེན་གྱིས་ཀྲུང་གོར་འཚམས་འདྲི་བྱས་ཏེ་ཀྲུང་གོ་དང་དབྱིན་ཇིའི་ཚན་རྩལ་གསར་གཏོད་མཉམ་ལས་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུ་བ།

གསུམ་ནི་དབྱིན་ཇིའི་སློབ་གསོའི་བློན་ཆེན་གྱིས་ཀྲུང་གོར་འཚམས་འདྲི་བྱས་ཏེ་ཀྲུང་གོ་དང་དབྱིན་ཇིའི་སློབ་གསོའི་པུའུ་ཀྲང་གི་གྲོས་མོལ་སྤེལ་བ།

བཞི་ནི་ཀྲུང་གོ་དང་དབྱིན་ཇིའི་ཉོ་ཚོང་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་དང་འཕྲོད་བསྟེན། ཐོན་ལས་མཉམ་ལས་སོགས་ཀྱི་རྐྱེན་སྲོལ་རང་བཞིན་གྱི་གྲོས་མོལ་སྤེལ་བར་མྱུར་དུ་གྲ་སྒྲིག་བྱེད་པ།

ལྔ་ནི་དངུལ་རྩའི་ཞབས་ཞུ་དང་དག་གཙང་ནུས་ཁུངས། མི་ཐབས་རིག་ནུས་ཐད་ཀྱི་མཉམ་ལས་གནས་གསར་བསྐྲུན་བྱེད་པ།

དྲུག་ནི་འཛམ་གླིང་བཅོས་སྐྱོང་དང་འཕེལ་རྒྱས་གྲོགས་པོ། ནམ་ཟླའི་འགྱུར་ལྡོག དྲ་རྒྱའི་བདེ་འཇགས་སོགས་ཐད་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号