ལེ་པཱ་ནུན་གྱིས་ཨ་མེ་རི་ཁས་བཏོན་པའི་དབྱི་སི་རལ་གྱི་དམག་དཔུང་ཕྱིར་འཐེན་བྱ་བ་ཕྱིར་འགྱངས་བྱེད་པའི་རེ་བ་དང་ལེན་མ་བྱས།
ལེ་པཱ་ནུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ལེ་པཱ་ནུན་གྱི་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་པེ་ལི་ཡིས་ཚེས13ཉིན་བསྟན་དོན། ལེ་པཱ་ནུན་གྱིས་ཨ་མེ་རི་ཁས་བཏོན་པའི་དབྱི་སི་རལ་གྱིས་ཟླ2པའི་ཚེས18ཉིན་ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་གྲོང་སྡེ་སྐོར་ཞིག་ནས་དམག་དཔུང་ཕྱིར་འཐེན་བྱེད་ཀྱང་གནས་ལྔའི་བཅའ་སྡོད་དམག་དཔུང་སོར་འཇོག་བྱེད་པའི་རེ་བ་དང་ལེན་མ་བྱས་ཟེར།
པེ་ལི་ཡིས་ཉིན་དེར་སྨྱན་བྱད་ལ་བཤད་རྒྱུར། ཨ་མེ་རི་ཁས་ལེ་པཱ་ནུན་ལ་བརྡ་བཏང་སྟེ། དབྱི་སི་རལ་གྱིས་ཟླ2པའི་ཚེས18ཉིན་ད་ལྟ་བཙན་བཟུང་བྱེད་པའི་གྲོང་སྡེ་ནས་དམག་དཔུང་ཕྱིར་འཐེན་བྱེད་རྒྱུ་ཡིན་ཡང་། གནས་ལྔའི་བཅའ་སྡོད་དམག་དཔུང་སོར་འཇོག་བྱེད་རྒྱུ་ཡིན་ཟེར། ཁོས་ཨ་མེ་རི་ཁའི་ཕྱོགས་ལ་ལེ་པཱ་ནུན་གྱིས་དོན་དེ་དང་ལེན་བྱེད་མི་སྲིད་པའི་ཚུལ་བསྟན་ཡོད་ཟེར། ཁོས་དབྱི་སི་རལ་གྱིས་དམག་དཔུང་ཕྱིར་འཐེན་བྱེད་པའི་ཡུན་ཚད་འགོར་འགྱངས་བྱེད་པའི་སྣང་ཚུལ་གང་རུང་ལ་གྲོས་བསྡུར་བྱེད་མི་སྲིད་པ་དང་། ཨ་མེ་རི་ཁ་ཕྱོགས་ཀྱིས་དབྱི་སི་རལ་གྱི་དམག་དཔུང་དུས་ལྟར་ཕྱིར་འཐེན་བྱེད་པར་འགན་སྲུང་བྱེད་དགོས་ལ། དེ་ལྟ་མིན་ཚེ་ལེ་པཱ་ནུན་སྲིད་གཞུང་ལ་ཤུགས་རྐྱེན་ཚབས་ཆེན་བཟོ་སྲིད་པ་ནན་བཤད་བྱས།
པེ་ལི་ཡིས་བཤད་རྒྱུར། ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་ལངས་ཕྱོགས་དེར་ཡོངས་སུ་རྒྱབ་སྐྱོར་བྱེད་བཞིན་ཡོད། གལ་ཏེ་དབྱི་སི་རལ་གྱིས་དམག་དཔུང་ཚང་མ་ཕྱིར་འཐེན་མ་བྱས་ན། ལེ་པཱ་ནུན་གྱི་མངའ་ཁོངས་སུ་མུ་མཐུད་དུ་དམག་དོན་འགུལ་སྐྱོད་རང་དགར་སྤེལ་བའི་རང་དབང་ཡོད་པར་མ་ཟད། སྔར་ལས་ལྷག་པའི་སྒོ་ནས་བཙན་འཛུལ་འགུལ་སྐྱོད་སྤེལ་སྲིད་པས། དེ་ལེ་པཱ་ནུན་ལ་མཚོན་ན་དང་ལེན་བྱེད་མི་ཐུབ་པ་ཞིག་རེད་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注