2025ལོའི་འཛམ་གླིང་སྲིད་གཞུང་གི་མཐོ་རིམ་གྲོས་ཚོགས་ནས་གསར་གཏོད་ལ་བརྟེན་ནས་ཐུན་མོང་འགྲན་རྩོད་ཐག་གཅོད་བྱེད་པ་གཙོ་གནད་དུ་བཟུང་ཡོད།
ཚོགས་ཡུན་ཉིན་གསུམ་ཡིན་པའི2025ལོའི་འཛམ་གླིང་སྲིད་གཞུང་གི་མཐོ་རིམ་གྲོས་ཚོགས་ཚེས13ཉིན་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཏིས་པེད་ནས་གྲོལ། ད་ལོའི་མཐོ་རིམ་གྲོས་ཚོགས་ནས་མ་འོངས་པའི་སྲིད་གཞུང་གསར་བཞེངས་བྱེད་པ་བརྗོད་སྙིང་དུ་བཟུང་ཡོད་ཅིང་། གསར་གཏོད་ཀྱི་ཐབས་ལ་བརྟེན་ནས་འཛམ་གླིང་དཔལ་འབྱོར་གནས་བབ་ལ་འགྱུར་ལྡོག་འབྱུང་བཞིན་པའི་གནས་བབ་འོག་རྒྱལ་ཁབ་སོ་སོའི་མདུན་དུ་ལྷགས་པའི་ཐུན་མོང་འགྲན་རྩོད་ལ་གྲོས་བསྡུར་བྱས།
རྒྱལ་ཁབ་ཀྱི་མགོ་གཙོའམ་སྲིད་གཞུང་གི་མགོ་གཙོ་སུམ་ཅུ་ལྷག་དང་། རྒྱལ་ཁབ་དང་ས་ཁུལ་གྱི་འཐུས་ཚབ་ཚོགས་པ་བརྒྱ་དང་བཞི་བཅུ། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི་བརྒྱད་ཅུ་སོགས་མི་སྟོང་དྲུག་ལྷག་ཚོགས་འདུར་ཞུགས།
མཐོ་རིམ་གྲོས་ཚོགས་ནས་གྲོས་གཞི་གཙོ་བོ་དྲུག་ལ་དམིགས་ནས་གྲོས་བསྡུར་བྱས་པ་དང་། ཕན་ནུས་ལྡན་པའི་བཅོས་སྐྱོང་དང་འགན་འཁྲི་རྩད་གཅོད། མ་འོངས་དངུལ་གསོག་དང་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར། ནམ་ཟླའི་འགྱུར་ལྡོག་དང་འཕྲལ་བསྟུན་དོ་དམ། མིའི་རིགས་ཀྱི་མ་འོངས་པ་དང་ནུས་པའི་འཛུགས་སྐྲུན། འཛམ་གླིང་ཡོངས་ཀྱི་འཕྲོད་བསྟེན་བཅོས་བསྒྱུར། གསར་དར་གྱི་མདུན་གྲལ་དང་མ་འོངས་པ་བཅས་འདུས། མཐོ་རིམ་གྲོས་ཚོགས་ལ་འཛམ་གླིང་ཡོངས་ཀྱི་གླེང་སྟེགས་ཉེར་གཅིག་བཀོད་སྒྲིག་བྱས་ཡོད་པ་དང་། སྲིད་ཇུས་གསར་གཏོད་དང་གཞི་གྲངས་དཔལ་འབྱོར། མིས་བཟོས་རིག་ནུས། རྒྱུན་མཐུད་འཕེལ་རྒྱས་སོགས་ཁྱབ་ཁོངས་སོགས་གཙོར་བཟུང་ནས། བརྗོད་དོན་གྲོས་བསྡུར་ཐེངས200ལྷག་སྤེལ།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注