ཐི་ལིང་ཕུའུ་ཡིས་ཨ་མེ་རི་ཁ་དང་ཨུ་རུ་སི། ཝུའུ་ཁི་ལན་བཅས་ཀྱི་མཐོ་རིམ་དཔོན་པོ་མུའུ་ཉི་ཧའེ་བདེ་འཇགས་གྲོས་ཚོགས་སུ་ཞུགས་རྒྱུའི་ཚུལ་བསྟན།

ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས13ཉིན་བཤད་རྒྱུར། ཨ་མེ་རི་ཁ་དང་། ཨུ་རུ་སི། ཝུའུ་ཁི་ལན་བཅས་རྒྱལ་ཁབ་གསུམ་གྱི་མཐོ་རིམ་དཔོན་རིགས་ཚེས14ཉིན་འཇར་མན་ནས་སྤེལ་རྒྱུ་ཡིན་པའི་མུའུ་ཉི་ཧའེ་བདེ་འཇགས་གྲོས་ཚོགས་ལ་ཞུགས་རྒྱུ་ཡིན་ཟེར།

ཐི་ལིང་ཕུའུ་ཡིས་ཉིན་དེར་ཕོ་བྲང་དཀར་པོའི་འཇོང་དབྱིབས་གཞུང་སྒྲུབ་ཁང་དུ་ཡུལ་དངོས་ཀྱི་གསར་འགོད་པར་བཤད་རྒྱུར། ཨ་མེ་རི་ཁ་དང་ཨུ་རུ་སི། ཝུའུ་ཁི་ལན་བཅས་རྒྱལ་ཁབ་གསུམ་གདན་ཞུ་ལྟར་ཐེངས་འདིའི་མུའུ་ཉི་ཧའེ་བདེ་འཇགས་གྲོས་ཚོགས་ལ་ཞུགས་རྒྱུ་ཡིན་པ་དང་། ངས་རྒྱལ་ཁབ་སོ་སོས་སུ་ཞིག་གྲོས་ཚོགས་ལ་མངག་རྒྱུ་གསལ་བོར་མི་ཤེས་ཡང་། ཨུ་རུ་སི་དང་ཝུའུ་ཁི་ལན། ཨ་མེ་རི་ཁ་བཅས་ཀྱི་མཐོ་རིམ་མི་སྣ་ཡོད་ཟེར། ཁོས་ཝུའུ་ཁི་ལན་གྱིས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་གྲོས་མོལ་མཇུག་སྒྲིལ་བར་ཞུགས་མཁན་ཕྱོགས་ཡིན་པའི་ཆ་ནས། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འགལ་བ་ངེས་པར་དུ་མཇུག་སྒྲིལ་བ་གཙོར་བཟུང་ཡོད་པའི་ཚུལ་བསྟན།

ཐི་ལིང་ཕུའུ་ཡིད་ད་རུང་ཨ་མེ་རི་ཁའི་ཙུང་ཐུང་ཟུར་པ་པའེ་ཏིན་གྱི་ཝུའུ་ཁི་ལན་བྱང་ཆིངས་དུ་ཞུགས་ཆོག་པའི་འབྲེལ་ཡོད་བཤད་ཚུལ་ལ་སྐྱོན་བརྗོད་བྱས་པ་དང་། དེས2022ལོའི་ཝུའུ་ཁི་ལན་གྱི་ཉམས་ཉེན་རིམ་སྤོར་བྱེད་དུ་བཅུག་པའི་ཚུལ་བསྟན། དེ་ལས་གཞན། ཐི་ལིང་ཕུའུ་ཡིས། ཨོ་པཱ་མ་སྲིད་གཞུང་གི་དུས་སྐབས་སུ་ཨུ་རུ་སི་རྒྱལ་ཁབ་བརྒྱད་ཀྱི་སྡེ་ཚོགས་ལ་ཕྱིར་ཕུད་པ་ནི་ནོར་འཁྲུལ་ཅིག་ཡིན་པ་དང་།  ཁོའི་རེ་བ་ཡིན་ན་ཨུ་རུ་སི་ཕྱིར་ཡོང་ནས་གལ་ཏེ་རྒྱལ་ཁབ་བརྒྱད་ཀྱི་སྡེ་ཚོགས་གནས་པ་ཡིན་ན། ཝུའུ་ཁི་ལན་གྱི་གནད་དོན་འབྱུང་མི་སྲིད་པར་འདོད།

སྐབས61པའི་མུའུ་ཉི་ཧའེ་བདེ་འཇགས་གྲོས་ཚོགས་ཚེས14ཉིན་ནས་ཚེས16ཉིན་བར་མུའུ་ཉི་ཧའེ་རུ་འཚོགས་རྒྱུ་རེད། ཝུའུ་ཁི་ལན་གྱི་སྨྱན་བྱད་ཀྱིས་གསལ་འགྱུར་སྤེལ་བ་ལྟར་ན། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཚེས10ཉིན། ཁོ་དངོས་སུ་མུའུ་ཉི་ཧའེ་བདེ་འཇགས་གྲོས་ཚོགས་སུ་ཞུགས་ནས་ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་ཝན་སི་དང་ཐུག་འཕྲད་བྱེད་རྒྱུ་ཡིན་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号