དབྱི་སི་རལ་དམག་གིས་ཀ་ཧྲ་ས་ཁུལ་གྱི་ས་ཆ་མང་པོར་འབར་གས་བཏང་ནས་ཉུང་མཐར་ཡང་མི13རྐྱེན་ལམ་དུ་ཤོར་བ།

ཚེས7ཉིན་ཕ་ལེ་སི་ཐན་ཀ་ཧྲ་ས་ཁུལ་གྱི་དམངས་སྲུང་ལས་ཁུངས་ཀྱི་དཔོན་རིགས་དང་ས་གནས་དེ་གའི་གནས་ཚུལ་ཤེས་མཁན་མི་སྣས། དབྱི་སི་རལ་དམག་དཔུང་གིས་ཉིན་དེར་ཀ་ཧྲ་ས་ཁུལ་གྱི་ས་ཆ་མང་པོར་འབར་གཏོར་བྱས་ནས། ཉུང་མཐར་ཡང་ཕ་ལེ་སི་ཐན་གྱི་མི13རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་བྱིས་པ་5ད་ཡོད་ཅེས་བཤད་འདུག

ཕ་ལེ་སི་ཐན་ཀ་ཧྲ་ས་ཁུལ་གྱི་དམངས་སྲུང་ལས་ཁུངས་ཀྱི་མགྲིན་ཚབ་པ་མ་ཧ་མའོ་ཏེ.པ་ས་ལེས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས། དབྱི་སི་རལ་དམག་གི་དམག་འཐབ་གནམ་གྲུས་ཀ་ཧྲ་ས་ཁུལ་བྱང་རྒྱུད་ཀྱི་ཅེ་པ་ལི་ཡེའི་ཁང་པ་ཞིག་ལ་མཁའ་ཐོག་ནས་འཇབ་རྒོལ་བྱས་པས། ཉུང་མཐར་ཡང་མི5རྐྱེན་ལམ་དུ་ཤོར་བ་དང་། མི20ལ་རྨས་སྐྱོན་ཕོག་ཡོད་ཅེས་བཤད་འདུག

དེ་མིན། ས་གནས་དེ་གའི་སྨན་ཁང་གི་གནས་ཚུལ་ཤེས་མཁན་མི་སྣ་དང་གནས་ཚུལ་དངོས་མཐོང་མཁན་མི་སྣས། དབྱི་སི་རལ་དམག་གིས་ཉིན་དེར་ཀ་ཧྲ་ས་ཁུལ་ལྷོ་རྒྱུད་ཀྱི་ཧན་ཡའུ་ཉི་སི་ནུབ་རྒྱུད་ཀྱི་མ་ཝ་ཞི་ས་ཁུལ་གྱི་ཆགས་ས་བརྟེན་ས་མེད་པའི་མང་ཚོགས་སྡོད་སའི་རས་གུར་ལ་འཇབ་རྒོལ་བྱས་པ་དང་ཆབས་ཅིག ཧན་ཡའུ་ཉི་སི་ཤར་རྒྱུད་དུ་ཡོད་པའི་རླངས་འཁོར་ཞིག་ལ་མཁའ་ཐོག་འཇབ་རྒོལ་བྱས་པས། ཁྱོན་བསྡོམས་མི8རྐྱེན་ལམ་དུ་ཤོར་བ་དང་དེའི་ནང་བྱིས་པ5ཚུད་ཡོད་ཅེས་བཤད་འདུག

དབྱི་སི་རལ་དམག་གིས་དོན་དེར་ལན་གང་ཡང་བཏབ་མེད།

ཀ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་ལས་ཁུངས་ཀྱིས་ཚེས7ཉིན་ཡོངས་བསྒྲགས་བྱས་པའི་གྲངས་གཞིར་གཞིགས་ན། 2023ལོའི་ཟླ10པའི་རེས་སྐོར་གསར་པའི་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གདོང་ཐུག་ཐོན་ཚུན། དབྱི་སི་རལ་གྱིས་ཀ་ཧྲ་ས་ཁུལ་དུ་སྤེལ་བའི་དམག་དོན་འགུལ་སྐྱོད་ཀྱིས་ཕ་ལེ་སི་ཐན་གྱི་མི་ཁྲི4.6རྐྱེན་ལམ་དུ་བཏང་ཡོད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号