བྱང་ཁོ་རེ་ཡས་སྒྲ་བརྒལ་མྱུར་མཐོའི་རྒྱང་ཐག་རིང་བའི་མདེལ་ལམ་འཕུར་མདེལ་གསར་པ་ཚོད་ལྟའི་སྒོ་ནས་འཕངས་པ།

ཚེས7ཉིན་བྱང་ཁོ་རེ་ཡ་ཀྲུང་དབྱང་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར།  ཚེས6ཉིན་བྱང་ཁོ་རེ་ཡས་སྒྲ་བརྒལ་མྱུར་མཐོའི་རྒྱང་ཐག་རིང་བའི་མདེལ་ལམ་འཕུར་མདེལ་གསར་པ་ཚོད་ལྟའི་སྒོ་ནས་འཕངས།   བྱང་ཁོ་རེ་ཡ་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་དོན་ཨུ་ཡོན་ཀྲང་ཅིན་ཀྲེན་ཨེན་གྱིས་བརྙན་ལམ་ལྟ་སྐུལ་ཚོད་འཛིན་མ་ལག་བརྒྱུད་འཕུར་མདེལ་ཚོད་ལྟའི་འཕེན་གཏོང་བྱེད་སྒོར་བལྟས་པ་དང་འབྲེལ། ད་ཐེངས་ཀྱི་ཚོད་ལྟའི་འཕེན་གཏོང་བྱས་པ་དེས་འཕུར་མདེལ་མ་ལག་དེའི་དངོས་ཕན་རང་བཞིན་ར་སྤྲོད་གང་ལེགས་ཐུབ་ཡོད་ཅེས་བཤད།

གནས་ཚུལ་སྤེལ་བར་གཞིགས་ན།  བྱང་ཁོ་རེ་ཡ་ཕྱོགས་ཀྱིས་ཕིང་དབྱང་གྲོང་ཁྱེར་ཉེ་འཁོར་གྱི་འཕེན་གཏོང་ར་བ་ནས་བྱང་ཤར་ཕྱོགས་སུ་འཕུར་མདེལ་དེ་འཕངས་བ་རེད།   ཅིན་ཀྲེང་ཨེན་གྱིས་བྱང་ཁོ་རེ་ཡས་གསར་སྤེལ་བྱས་པའི་སྒྲ་བརྒལ་མྱུར་མཐོའི་རྒྱང་ཐག་རིང་བའི་མདེལ་ལམ་འཕུར་མདེལ་གསར་པ་ནི་འཐབ་ཇུས་བཀག་འགོག་གི་ལྟེ་བའི་སྟོབས་ཤུགས་ཤིག་ཡིན་པ་དང་། དེའི་དམིགས་ཡུལ་ནི་རྒྱལ་ཁབ་ཀྱི་ཉིང་རྡུལ་དམག་འཁྲུག་བཀག་འགོག་ནུས་པར་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་རྒྱུ་དེ་ཡིན་ཞེས་བཤད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号