ཧྲིན་ཏའོ་མཱེ་དང་ཕུའུ་ལིན་ཞི་པུས་ཀྱི་ཙུང་ཐུང་གིས་སྲིད་གཞུང་གཏོར་རྒྱུ་ཁྱབ་བསྒྲགས་བྱས།

ཧྲིན་ཏའོ་མེ་དང་ཕུའུ་ལིན་ཞི་པུས་ཀྱི་ཙུང་ཐུང་ནོའུ་ཝ་ཡིས་ཚེས6ཉིན་ཙུང་ཐུང་བཀའ་རྒྱ་བཀོད་དེ། ཙུང་ལི་ཐི་ལོ་ཝ་ཏཱ་ཡིས་མགོ་ཁྲིད་པའི་རྩ་ཁྲིམས་སྲིད་གཞུང་གཏོར་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། དམངས་གཙོ་སྒེར་ཚུགས་ཏང་གིས་དུས་ཚོད་དོན་གཉིས་ནང་ཙུང་ལིའི་འདེམ་སྒུག་པ་གཞན་པའི་མིང་འདོན་དགོས་པའི་རེ་བ་བཏོན།

ཙུང་ཐུང་བཀའ་རྒྱ་ལས་ཐི་ལོ་ཝ་ཏཱའི་སྲིད་གཞུང་གིས་ཧྲིན་ཏའོ་མཱེ་དང་ཕུའུ་ལིན་ཞི་པུས་ཀྱི་མདུན་དུ་ལྷགས་པའི་འགྲན་རྩོད་ཐད་ལག་བསྟར་ཆོག་པའི་ཐག་གཅོད་ཇུས་གཞི་འདོན་དཀའ་བའི་ཚུལ་བསྟན་པ་དང་། ཙུང་ལི་ཡིས་རྒྱལ་ཁབ་དེའི་ཙུང་ཐུང་དང་སྲིད་གཞུང་བར་གྱི་མཉམ་ལས་འབྲེལ་བར་བཀག་རྒྱ་བཟོས་པར་སྐྱོན་བརྗོད་བྱས།

ཧྲིན་ཏའོ་མཱེ་དང་ཕུའུ་ལིན་ཞེ་པུས་ཀྱི་འཕྲིན་གཏོང་ཁང་གིས་ཚེས7ཉིན་བསྒྲགས་པ་ལྟར་ན། ནོའུ་ཝ་དང་ཐི་ལོ་ཝ་ཏཱ་གཉི་ག་དམངས་གཙོ་སྒེར་ཚུགས་ཏང་ནས་ཡོང་བ་ཡིན་ཡང་། ཐི་ལོ་ཝ་ཏཱ་ཡིས་ཙུང་ཐུང་ནོའུ་ཝ་ཡི་ངོ་རྒོལ་ལ་མ་འཛེམ་པར་བསམ་བཞིན་དུ་གནམ་གྲུ་ཐང་གི་འགྲོ་འོང་དཔྱ་ཁྲལ་ཇེ་མཐོར་བཏང་སྟེ། ཕྱོགས་གཉིས་བར་གྱི་འགལ་བ་ཇེ་དྲག་ཏུ་སོང་ཡོད་ཟེར།

བསྒྲགས་པའི་གནས་ཚུལ་ལས། རྩ་ཁྲིམས་ལྟར་ན། གལ་ཏེ་དམངས་གཙོ་སྒེར་ཚུགས་ཏང་གིས་ཡང་བསྐྱར་ཐི་ལོ་ཝ་ཏཱ་མིང་འདོན་བྱས་ན། ཙུང་ཐུང་གིས་གྲོས་ཁང་འདེམ་བསྐོའི་ཁྲོད་ཨང་གཉིས་པ་ཐོབ་པའི་བཅིངས་འགྲོལ་ལས་འགུལ་སྤྱི་ཚོགས་དམངས་གཙོ་ཏང་གདན་དྲངས་ནས་སྲིད་གཞུང་བསྐྱར་འཛུགས་བྱས་ཆོག་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号