ཐི་ལིང་ཕུའུ་ཡིས་པེད་ཏིན་གྱི་མཚོ་ཐོག་གཏེར་འདོན་གྱི་བཀག་རྒྱ་རྩིས་མེད་དུ་གཏོང་རྒྱུའི་ཚུལ་བསྟན།

ཨ་མེ་རི་ཁའི་འགན་ཁུར་བར་སྒུག་པའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས7ཉིན་བསྟན་དོན། ཁོས་ལས་འགན་ཁུར་རྗེས་ད་ལྟའི་ཙུང་ཐུང་པེད་ཏིན་གྱིས་ཁྱབ་བསྒྲགས་བྱས་མ་ཐག་པའི་མཚོ་ཐོག་གཏེར་འདོན་གྱི་བཀག་རྒྱ་དེ་རྩིས་མེད་དུ་གཏོང་རྒྱུ་ཡིན་ཟེར།

ཐི་ལིང་ཕུའུཡིས་ཉིན་དེར་ཧྥོ་ལོ་ལི་ཏཱ་མངའ་སྡེའི་ཧེ་ཧུའུ་སྤྲོ་སྐྱིད་གླིང་ནས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། མཚོ་ཐོག་གཏེར་འདོན་གཏན་འགོག་བྱེད་པའི་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱེད་མི་སྲིད། ཁོས་འགན་ཁུར་རྗེས་ཀྱི་ཉིན་དང་པོར་སྲིད་ཇུས་དེ་རྩ་རྫོགས་བྱེད་རྒྱུ་ཡིན་ཟེར། ཁོས་ད་རུང་བཤད་རྒྱུར། ཨ་མེ་རི་ཁས་ས་ཁུལ་མང་བོ་ནས་གཏེར་ཁའི་སྔོག་འདོན་ཇེ་མང་དུ་བཏང་ནས། ནུས་ཁུངས་ཀྱི་མ་རྩ་ལྡབ་འགྱུར་གྱིས་ཇེ་དམའ་རུ་གཏོང་རྒྱུ་ཡིན་ཟེར།

པེད་ཏིན་གྱིས་ཚེས6ཉིན་སྲིད་འཛིན་བཀའ་རྒྱ་ཞིག་ཁྱབ་བསྒྲགས་བྱས་ཏེ། ནུབ་ཀྱི་རྒྱ་མཚོ་ཆེན་མོ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་མཚོ་ཁོངས་ཁག་ཅིག་ནས་རྡོ་སྣུམ་དང་རང་བྱུང་སོལ་རླངས་གསར་སྤེལ་བྱེད་པ་དུས་གཏན་དུ་གཏན་འགོག་བྱེད་རྒྱུ་ཡིན་པ་དང་། ཀུང་ཆིང་དུང་ཕྱུར་གཉིས་དང་བྱེ་བ་ལྔ་ས་ཡ་གསུམ་གྱི་མཚོ་ཁོངས་ལ་འབྲེལ་ཡོད་ཟེར།

ཕོ་བྲང་དཀར་པོའི་གསལ་སྒྲོག་ཅིག་ལས་བཤད་རྒྱུར། པེད་ཏིན་གྱིས་བལྟས་ན་མཚོ་ཁོངས་དེ་དག་ཏུ་གཏེར་ཁ་སྔོག་འདོན་བྱས་ན་ཁོར་ཡུག་དང་དཔལ་འབྱོར་ཐད་ཉེན་ཁའམ་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ཚད་དེ་ཚད་ཡོད་པའི་རྡོ་སྣུམ་འབར་རྫས་ཐོན་ཁུངས་ཀྱི་གསར་སྤེལ་རིན་ཐང་ལས་བརྒལ་སྲིད་པར་འདོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号