སི་རི་ཡཱའི་བར་བརྒལ་སྲིད་གཞུང་གི་ཕྱི་འབྲེལ་བློན་ཆེན་གྱིས་རྒྱལ་སྤྱི་དང་ས་ཁུལ་གྱི་མནའ་མཐུན་མཉམ་ལས་ལ་མཐོང་ཆེན་བྱེད་པའི་ཚུལ་བསྟན།

སི་རི་ཡཱའི་བར་བརྒལ་སྲིད་གཞུང་གི་ཕྱི་འབྲེལ་བློན་ཆེན་ཞེ་པཱ་ནེ་ཡིས་ཚེས7ཉིན་མཐོ་རིམ་འཐུས་ཚབ་ཚོགས་པ་ཁྲིད་དེ་ཅོར་ཏན་དུ་འཚམས་འདྲི་བྱས་ནས། ཕྱོགས་གཉིས་ཀྱི་འབྲེལ་བ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་བྱེད་པར་འཚོལ་ཞིབ་བྱས།

ཅོར་ཏན་གྱི་ཕྱི་འབྲེལ་བློན་ཆེན་སཱ་ཧྥ་ཏིས་དང་མཉམ་དུ་བསྡུས་པའི་མཉམ་འབྲེལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཞེ་པཱ་ནེ་ཡིས་བཤད་རྒྱུར། སི་རི་ཡཱའི་བར་བརྒལ་སྲིད་གཞུང་གིས་རྒྱལ་སྤྱི་དང་ས་ཁུལ་གྱི་མནའ་མཐུན་མཉམ་ལས་ལ་མཐོང་ཆེན་བྱས་ནས། སི་རི་ཡཱའི་བདེ་འཇགས་དང་གཏན་འཇགས། གཅིག་གྱུར། མངའ་ཁོངས་ཆ་ཚང་ཡོང་བ་མངོན་འགྱུར་བྱེད་རྒྱུ་ཡིན།

སི་རི་ཡཱ་ཡིས་ཁྱིམ་མཚེས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས་ལ་བརྩི་འཇོག་བྱེད་པ་དང་། ཕན་ནུས་ལྡན་པའི་འབྲེལ་འདྲིས་དང་རྒྱུན་མཐུད་ཀྱི་མཉམ་ལས་ལ་བརྟེན་ནས། ཅོར་ཏན་བར་གྱི་ཆབ་སྲིད་དང་དཔལ་འབྱོར། བདེ་འཇགས་སོགས་ཁྱབ་ཁོངས་སོ་སོའི་འབྲེལ་བར་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར།

མི་འགྱངས་པར་བསྡུ་རྒྱུ་ཡིན་པའི་རྒྱལ་ཡོངས་ཀྱི་གྲོས་མོལ་ཚོགས་འདུའི་ཐད་ནས་ཞེ་པཱ་ནེ་ཡིས་བཤད་རྒྱུར། སི་རི་ཡཱ་ཡིས་རྒྱ་བསྐྱེད་པའི་གྲ་སྒྲིག་ཨུ་ཡོན་ལྷན་ཁང་ཞིག་བཙུགས་ནས། སི་རི་ཡཱའི་རིམ་པ་སོ་སོའི་མི་དམངས་ཀྱི་ཚབ་བྱེད་རྒྱུ་ཐག་བཅད་ཡོད་ཟེར།

སཱ་ཧྥ་ཏིས་ཀྱིས་ཅོར་ཏན་གྱིས་སི་རི་ཡཱའི་མི་དམངས་ཀྱི་རེ་འདུན་ལ་བརྩི་འཇོག་བྱེད་པ་དང་ཁོ་ཚོས་ཁྱིམ་གཞིས་བསྐྱར་འཛུགས་བྱེད་པར་རྒྱབ་སྐྱོར་བྱེད་པ་བསྐྱར་སྒྲོག་བྱས། ཅོར་ཏན་གྱིས་སི་རི་ཡཱ་དང་མཉམ་དུ་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་མང་བོ་འཛུགས་རྒྱུ་ཡིན་པ་དང་། བདེ་འཇགས་དང་རྒྱལ་སྲུང་། ནུས་ཁུངས། འཕྲོད་བསྟེན། འགྲིམ་འགྲུལ། ཉོ་ཚོང་སོགས་ཁྱབ་ཁོངས་ལ་འབྲེལ་ཡོད་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིར་ཅོར་ཏན་དུ་འཚམས་འདྲི་བྱེད་པའི་སི་རི་ཡཱའི་འཐུས་ཚབ་ཚོགས་པར་སི་རི་ཡཱའི་རྒྱལ་སྲུང་པུའུ་ཀྲང་དང་གསང་འཕྲིན་ཅུའུ་ཀྲང་། རྡོ་སྣུམ་དང་གཏེར་ཐོན་ཐོན་ཁུངས་ཀྱི་པུའུ་ཀྲང་། གློག་ཤུགས་པུའུ་ཀྲང་སོགས་འདུས་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号