ཀ་ནཱའི་གསར་དུ་བདམས་པའི་ཙུང་ཐུང་མཱ་ཧཱ་མཱ་ཡིས་དམ་བཅའ་བཞག་སྟེ་ལས་འགན་ཁུར།

ཀ་ནཱའི་གསར་དུ་བདམས་པའི་ཙུང་ཐུང་མཱ་ཧཱ་མཱ་ཡིས་ཚེས7ཉིན་རྒྱལ་ས་ཨ་ཁི་ལཱ་ནས་དངོས་སུ་དམ་བཅའ་བཞག་སྟེ་ལས་འགན་ཁུར་བ་དང་། དུས་ཡུན་ལོ་ངོ་བཞིའི་ཙུང་ཐུང་གི་འགན་ཡུན་མགོ་བརྩམས།

ལས་འགན་ཁུར་བའི་མཛད་སྒོ་དེ་ཨ་ཁི་ལཱའི་སྐར་ནག་ཐང་ཆེན་དུ་སྤེལ་བ་དང་། རྒྱལ་ཁབ་མང་བོའི་ཆབ་སྲིད་མགོ་ཁྲིད་པ་དང་འཐུས་མི། ཀ་ནཱའི་ལས་རིགས་སོ་སོའི་མི་སྣ་མཛད་སྒོར་ཞུགས།

མཱ་ཧཱ་མཱ་ཡིས་ལས་འགན་ཁུར་བའི་གཏམ་བཤད་སྤེལ་སྐབས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ་ཀ་ནཱའི་དཔལ་འབྱོར་ཐད་དཀའ་ཁག་བྱུང་ཡོད་ཀྱང་། ཁོས་ཀ་ནཱའི་དཔལ་འབྱོར་སླར་གསོ་བྱེད་པར་ཆོད་སེམས་བརྟན་པོ་ཡོད་ལ། རེ་བ་མིག་མདུན་དུ་ཡོད་ཟེར། ཁོས་ན་གཞོན་གྱི་ལས་ཤོར་གནད་དོན་ཐག་གཅོད་བྱེད་པ་དེ་ཐོག་མའི་ལས་འགན་དུ་བྱས་ནས། སྒེར་གཉེར་ཁེ་ལས་བར་གྲོགས་པོའི་འབྲེལ་བ་སྲ་བརྟན་བཙུགས་ནས་ཟླ་ཕོགས་མཐོ་བའི་བྱ་བའི་ལས་གནས་བསྐྲུན་རྒྱུ་ཁས་ལེན་བྱས།

མཱ་ཧཱ་མཱ་ནི1958ལོར་སྐྱེས་པ་དང་། 2012ལོའི་ཟླ7པར་ཀ་ནཱའི་སྐབས་དེའི་ཙུང་ཐུང་མུས་ཨར་སི་སྐུ་གཤེགས་རྗེས། སྐབས་དེའི་ཙུང་ཐུང་གཞོན་པ་མཱ་ཧཱ་མཱ་ཡིས་ཙུང་ཐུང་གི་འགན་ཁུར་བ་རེད། དེའི་རྗེས་སུ་ལོ་དེའི་ཙུང་ཐུང་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་པ་རེད། 2016ལོའི་ཙུང་ཐུང་འདེམ་བསྐོའི་ཁྲོད། མཱ་ཧཱ་མཱ་ཡིས་བསྟུད་འགན་ཁུར་མ་ཐུབ། 2024ལོའི་ཟླ12པའི་ཚེས9ཉིན། ཀ་ནཱའི་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་དོན། མཱ་ཧཱ་མཱ་ཀ་ནཱའི་རྒྱལ་ཡོངས་དམངས་གཙོ་ཚོགས་ཆེན་ཏང་གི་ཙུང་ཐུང་འདེམ་སྒུག་པ་ཡིན་པའི་ཆ་ནས2024ལོའི་ཙུང་ཐུང་འདེམ་བསྐོའི་ཁྲོད་རྒྱལ་ཁ་བླངས་ཡོད་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号