ཨ་མེ་རི་ཁའི་རྒྱལ་ཚོགས་ཀྱིས་ཐི་ལང་ཕུའུ་ཙུང་ཐུང་དུ་བདམས་པ་ཁས་ལེན་བྱས།

ཨ་མེ་རི་ཁའི་རྒྱལ་ཚོགས་ཀྱིས་ཚེས6ཉིན་འདེམ་ཤོག་གི་གྲངས་ཀ་བརྩིས་ནས། སྔོན་ཆད་ཀྱི་ཙུང་ཐུང་། གུང་ཧི་ཏང་གི་ཙུང་ཐུང་གི་འདེམ་སྒུག་མི་སྣ་ཐི་ལང་ཕུའུ་ཙུང་ཐུང་དུ་བདམས་པ་དངོས་སུ་ཁས་ལེན་བྱས།

འདེམ་བསྐོའི་བརྒྱུད་རིམ་ལྟར། ཨ་མེ་རི་ཁའི་རྒྱལ་ཚོགས་ཀྱི་གྲོས་ཁང་གོང་མ་དང་ཞོལ་མ་གཉིས་ཀྱིས་ཉིན་དེར་མཉམ་འབྲེལ་གྲོས་ཚོགས་བསྡུས་པ་དང་། ཨ་མེ་རི་ཁའི་ད་ལྟའི་ཙུང་ཐུང་གཞོན་པ། 2024ལོའི་ཨ་མེ་རི་ཁའི་ཙུང་ཐུང་འདེམ་བསྐོའི་དམངས་གཙོ་ཏང་གི་འདེམ་སྒུག་མི་སྣ་ཧཱ་ལིས་སི་ཡིས་མགོ་འཛིན་བྱས། ཧཱ་ལིས་སི་ཡིས་རིམ་པ་བཞིན་མངའ་སྡེ་སོ་སོ་དང་ཝ་ཧྲིང་ཐོན་དམིགས་བསལ་ཁུལ་གྱི་འདེམ་བསྐོ་མི་སྣའི་འདེམ་ཤོག་མཇུག་འབྲས་བརྒྱུད་སྤྲོད་བྱས་པ་དང་། གྲོས་ཁང་གོང་མའི་གྲོས་མི་གཉིས་དང་གྲོས་ཁང་ཞོལ་མའི་གྲོས་མི་གཉིས་ཀྱིས་རེས་འཁོར་ནས་འདེམ་ཤོག་གི་གྲངས་ཀ་བརྩིས།

འདེམ་བསྐོ་མི་སྣའི་འདེམ་ཤོག་གི་ཆེས་མཐའ་མཇུག་གི་མཇུག་འབྲས་ལས་མངོན་པ་ལྟར་ན། ཐི་ལང་ཕུའུ་ལ་འདེམ་ཤོག་སུམ་བརྒྱ་དང་བཅུ་གཉིས་ཐོབ་པ་དང་། ཧཱ་ལིས་སི་ལ་འདེམ་ཤོག་ཉིས་བརྒྱ་དང་ཉེར་དྲུག་ཐོབ།

ཨ་མེ་རི་ཁའི་ཙུང་ཐུང་འདེམ་བསྐོའི་ཐད་ནས་འདེམ་བསྐོ་བྱེད་མཁན་ཚོགས་པའི་གཞན་བརྒྱུད་འདེམ་བསྐོ་ལམ་ལུགས་ལག་བསྟར་བྱས། འདེམ་བསྐོ་བྱེད་མཁན་ཚོགས་པ་དེ་འདེམ་བསྐོ་མི་སྣ་ལྔ་བརྒྱ་དང་སོ་བརྒྱད་ཀྱིས་གྲུབ་པ་དང་། ཉུང་མཐར་ཡང་འདེམ་ཤོག་ཉིས་བརྒྱ་དང་བདུན་ཅུ་ཡན་ཐོབ་པའི་འདེམ་སྒུག་མི་སྣར་རྒྱལ་ཁ་ཐོབ། རྒྱལ་ཚོགས་ཀྱིས་འདེམ་བསྐོའི་འདེམ་ཤོག་གི་གྲངས་ཀ་རྩིས་རྒྱག་བྱེད་པ་ནི་ཙུང་ཐུང་འདེམ་བསྐོ་ཡི་ཆེས་མཐའ་མཇུག་གི་ཐག་གཅོད་བརྒྱུད་རིམ་ཡིན།

ད་ལོའི་ཙུང་ཐུང་གི་འགན་ཁུར་མཛད་སྒོ་ཟླ་འདིའི་ཚེས20ཉིན་ཝ་ཧྲིང་ཐོན་དུ་བསྡུ་རྒྱུ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号