ཡོ་ནན་གྱི་ཙུང་ལིས་ཡོ་ནན་དང་ཀྲུང་གོའི་བར་གྱི་ལྕགས་ལམ་བདེ་བླག་ངང་སྦྲེལ་མཐུད་བྱེད་པར་ཁག་ཐེག་བྱེད་དགོས་པར་བསྟན།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་ནན་གྱི་གསར་འགྱུར་ཁང་གི་གནས་ཚུལ་ལྟར་ན། ཡོ་ནན་གྱི་ཙུང་ལི་ཧྥན་མིང་ཀྲེང་གིས་ཚེས22ཉིན་ཡོ་ནན་གྱི་ལའོ་ཅེ་ཞིང་ཆེན་དུ་ལའོ་ཅེ་ནས་ཧོ་ནེ་དང་དེ་ནས་ཧའེ་ཧྥང་བཅས་བར་གྱི་ལྕགས་ལམ་ལས་གཞི་ལ་རྟོག་ཞིབ་བྱེད་སྐབས་ལྕགས་ལམ་ལས་གཞི་འདི་འཆར་གཞི་ལྟར་ན2025ལོའི་ལོ་མཇུག་ཏུ་ལས་མགོ་རྩོམ་རྒྱུ་དང་། 2030ལོའི་ལོ་མཇུག་ཏུ་ལས་མཇུག་འགྲིལ་རྒྱུ་ཡིན་ཅེས་བཤད།
ཧྥན་མིང་ཀྲེང་གིས་མེ་འཁོར་གྱི་མྱུར་ཚད་དང་ལྕགས་ལམ་གྱི་བར་ཐག་ཇུས་འགོད་ཀྲུང་གོའི་ལྕགས་ལམ་དང་བདེ་བླག་ངང་སྦྲེལ་མཐུད་བྱེད་པར་ཁག་ཐེག་བྱེད་དགོས་པ་དང་། ལས་གཞི་ཇུས་འགོད་དང་འཛུགས་སྐྲུན་བྱེད་སྐབས་ཀྲུང་གོ་ཕྱོགས་དང་མཉམ་ལས་དམ་ཟབ་རྒྱུན་འཁྱོངས་བྱེད་དགོས་ཞེས་ནན་གྱིས་བསྟན།
གནས་ཚུལ་སྤེལ་བར་གཞིགས་ན། ལྕགས་ལམ་ལས་གཞི་འདིར་སྔོན་དཔག་བྱས་ན་ཁྱོན་མ་དངུལ་ཨ་སྒོར་དུང་ཕྱུར116ཙམ་གཏོང་རྒྱུ་དང་། སྤྱིའི་རིང་ཚད་སྤྱི་ལེ400ཙམ་ཟིན་རྒྱུ་རེད། ཡོ་ནན་གྱི་ལའོ་ཅེ་ཞིང་ཆེན་དང་ཨན་ཕེ་ཞིང་ཆེན། ཕུའུ་ཧྲོའུ་ཞིང་ཆེན། ཡུང་ཕུའུ་ཞིང་ཆེན། ཧོ་ནེ་གྲོང་ཁྱེར། པེ་ཉིང་ཞིང་ཆེན་དང་། ཤིང་ཨན་ཞིང་ཆེན། ཧའེ་དབྱང་ཞིང་ཆེན། ཧའེ་ཧྥང་གྲོང་ཁྱེར་སོགས་ཞིང་ཆེན7དང་གྲོང་ཁྱེར2བརྒྱུད་དགོས་པ་རེད།
ཧྥན་མིང་ཀྲེང་གིས་ཡུལ་དངོས་སུ་རྟོག་ཞིབ་གནང་སྐབས། 2025ལོའི་ལོ་མཇུག་ཏུ་ལས་མགོ་རྩོམ་པའི་དམིགས་འབེན་མངོན་འགྱུར་བྱ་ཆེད། ཡོ་ནན་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་པུའུ་ཨུ་སོ་སོ་དང་ས་གནས་ཁག་ལ་གཞོགས་འདེགས་དམ་ཟབ་བྱས་ཏེ། འབྲེལ་ཡོད་འགྲོ་ལུགས་དུས་ཐོག་ཏུ་སྒྲུབ་དགོས་ཞེས་བསྟན། ཁོས་ད་དུང་ཡོ་ནན་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་པུའུ་ཀྲང་གཞོན་པས་མགོ་ཁྲིད་བྱེད་པའི་ཆེད་གཉེར་ལས་དོན་ཚོ་ཆུང་བཙུགས་ནས་ལྕགས་ལམ་གྱི་ལས་གཞི་ལག་བསྟར་བྱེད་པའི་འགན་དཀྲིས་པ་རེད། །
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注