ཨུ་རུ་སུས་ཡུག་རེན་གྱི་དམག་སྤྱོད་གནམ་ཐང་ལ་རྡུང་རྡེག་བཏང་ཡོད་ཅེས་བཤད་པ།
ཨུ་རུ་སུའི་རྒྱལ་སྲུང་པུས་ས་གནས་དེ་གའི་དུས་ཚོད་ཚེས22ཉིན་བརྡ་ཁྱབ་བཏང་ནས། ཨུ་རུ་སུའི་དམག་གིས་འདས་ཟིན་པའི་ཉིན་གཅིག་གི་ནང་གཏན་སྡོད་ཁུལ་གཉིས་ཚོད་འཛིན་བྱས་པ་དང་། ཡུག་རེན་གྱི་དམག་སྤྱོད་གནམ་ཐང་གི་རྨང་གཞིའི་སྒྲིག་ཆས་དང་མི་མེད་གནམ་གྲུའི་བཟོ་གྲྭ། མངའ་ཁོངས་ཕྱི་ནས་ཡོང་པའི་གླས་དམག་ས་ཆ་སོགས་དམིགས་འབེན་ལ་རྡུང་རྡེག་བཏང་བ་མ་ཟད། ཡུག་རེན་དམག་གི་མེ་ཤུགས་འཕུར་མདེལ་དང་མེ་ཤུགས་འཕུར་མདའ། མི་མེད་གནམ་གྲུ100བཅས་བཀག་འགོག་བྱས་ཡོད། གཞན་ཡང་། ཨུ་རུ་སུའི་དམག་གིས་ཨུ་རུ་སུའི་ཁུའུ་ཨེར་སི་ཁེ་མངའ་སྡེར་ཡུག་རེན་དམག་གི་མི་སྣ་དང་སྒྲིག་ཆས་ལ་མུ་མཐུད་རྡུང་རྡེག་གཏོང་བཞིན་ཡོད་ཅེས་བཤད།
ཉིན་དེར། ཡུག་རེན་དམག་གི་དྲག་ཆས་དཔུང་སྡེའི་སྤྱི་ཁྱབ་དྲག་ཇུས་པུས་དམག་འཐབ་གནས་ཚུལ་ཁྱབ་བསྒྲགས་བྱས་ཏེ། ཚེས22ཉིན་གྱི་ཕྱི་དྲོ་བར། ཡུག་རེན་དམག་གིས་འཐབ་སར་ཨུ་རུ་སུའི་དམག་དང་དམག་འཐབ་ཐེངས་བརྒྱ་ལྷག་རྒྱབ་ཡོད། ཡུག་རེན་དམག་གིས་ཨུ་རུ་སུའི་དམག་གི་ཚུར་རྒོལ་ཐེངས་མང་བཟློག་པས། ཨུ་རུ་སུའི་དམག་གི་མི་སྣ་དང་སྒྲིག་ཆས་ལ་གནོད་འཚེ་ཚབས་ཆེན་བཟོས་ཡོད་ཅེས་བཤད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注