ཞལ་དཀར།
ཞལ་དཀར་ནི་གཡང་ལུང་ཡུལ་ཚོ་མི་དམངས་སྲིད་གཞུང་གནས་ཡུལ་གྱི་ནུབ་བྱང་གི་སྟོང་སྨི10.6ཡི་སར་གནས་ཡོད། “ཞལ་དཀར”ནི་བོད་སྐད་ཡིན་ལ། ངོ་གདོང་དཀར་པོའི་དོན་ཡིན། ཞལ་དཀར་རི་བོར་ཐག་ཉེ་བའི་རྐྱེན་གྱིས་མིང་འདི་ཐོགས། འདུས་སྡོད་ཁུལ་ནི་ཐང་མར་བརྡལ་བ་ལྟར་སོ་སོར་འཐོར་ཏེ་གནས་ཤིང་། སྡོད་ཁང་ནི་སོ་ཕག་དང་ཤིང་གིས་གྲུབ་པའི་ཁེར་ཐོག་ཡིན། སྡོད་དམངས་ཁྱིམ་ཚང113ཡོད་ལ། མི་གྲངས415ཡོད་པའི་ནང་བོད་རིགས་དང་། ཧུའེ་རིགས། སོག་རིགས་སོགས་ཡོད། དཔལ་འབྱོར་གྱི་ཡོང་ཁུངས་ནི་ཕྱུགས་ལས་གཙོ་བོ་ཡིན།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注