ཧན་གོའི་རྩ་ཁྲིམས་ཁྲིམས་ཁང་གིས་དབྱིན་ཞི་ཡུའེ་ཡིས་ཚེས23ཉིན་གྱི་སྔོན་ལ་ནག་ཉེས་ཐེར་འདོན་གྲོས་གཞིའི་དྲིས་ལན་སྤྲོད་དགོས་པའི་བླང་བྱ་བཏོན།

ཧན་གོའི་སྨྱན་བྱད་ཀྱིས་ཚེས17ཉིན་བཤད་རྒྱུར། ཧན་གོའི་རྩ་ཁྲིམས་ཁྲིམས་ཁང་གིས་ཙུང་ཐུང་དབྱིན་ཞི་ཡུའེ་ཡིས་ཚེས23ཉིན་གྱི་སྔོན་ལ་ནག་ཉེས་ཐེར་འདོན་གྲོས་གཞིའི་དྲིས་ལན་སྤྲོད་དགོས་པའི་བླང་བྱ་བཏོན།

ཧན་གོའི་རྩ་ཁྲིམས་ཁྲིམས་ཁང་གིས་ཚེས16ཉིན། ད་ཡོད་ཀྱི་ཁྲིམས་དཔོན་དྲུག་གི་རྐྱེན་སྲོལ་གྱིས་ཙུང་ཐུང་གི་ནག་ཉེས་ཐེར་འདོན་གྲོས་གཞིའི་ཐད་ནས་བདེན་དཔང་ལ་ཉན་པ་དང་ཞིབ་བཤེར་ཐག་གཅོད་བྱས་ཏེ། ཚེས27ཉིན་ནག་ཉེས་ཐེར་འདོན་གྲོས་གཞིའི་དཔང་ཉན་གྲོས་ཚོགས་བསྡུ་རྒྱུ་གཏན་ཁེལ་བྱས། དཔང་ཉན་གྲོས་ཚོགས་དེ་སྤྱི་བསྒྲགས་རྣམ་པས་བསྡུ་རྒྱུ་ཡིན་ལ། དོ་བདག་གྲོས་ཚོགས་ལ་མ་ཞུགས་ཀྱང་ཆོག  རྩ་ཁྲིམས་ཁྲིམས་ཁང་གིས་དཔང་ཉན་གྲོས་ཚོགས་མཇུག་བསྒྲིལ་རྗེས་དངོས་གཞིའི་ཁྲིམས་དོན་འདྲི་གཅོད་རྩོད་གླེང་གི་དུས་ཚོད་གཏན་འཁེལ་བྱ་རྒྱུ་རེད།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号