འཇར་མན་གྱི་ཙུང་ལི་ཧྲའོ་ཨར་ཚི་ལ་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གི་ཡིད་རྟོན་འདེམ་ཤོག་མ་ཐོབ།
ཟླ12ཚེས16ཉིན་པོ་ལིན་ནས་བླངས་པའི་འཇར་མན་རྒྱལ་ཚོགས་ཐོག་ཁང་ཆེན་མོའི་ཟུར་ཞིག
ཚེས16ཉིན་འཇར་མན་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གི་ཡིད་རྟོན་འདེམ་ཤོག་ཁྲོད། ཙུང་ལི་ཧྲའོ་ཨར་ཚི་ལ་གྲོས་མི་མང་ཤས་ཀྱི་རྒྱབ་སྐྱོར་མ་ཐོབ།
འཇར་མན་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་ལ་བསྡོམས་པས་གྲོས་མི733ཡོད་ཅིང་། གྲོས་ཁང་གི་ཡིད་ཆེས་ཐོབ་དགོས་ན། ཧྲའོ་ཨར་ཚི་ལ་ངེས་པར་དུ་ཉུང་མཐར་ཡང་འདེམ་ཤོག367ཐོབ་ན། ད་གཟོད་མུ་མཐུད་དུ་སྲིད་བཟུང་ཆོག ཐེངས་འདིའི་འདེམ་ཤོག་ཁྲོད་དུ། བསྡོམས་པས་གྲོས་མི207གྱིས་ཡིད་ཆེས་འདེམ་ཤོག་འཕངས་ཡོད་ཀྱང་། ཧྲའོ་ཨར་ཚི་ལ་ཡིད་རྟོན་འདེམ་ཤོག་ཁྲོད་རྒྱལ་ཁ་མ་ཐོབ།
འཇར་མན་གྱི་གཞི་རྩའི་རྩ་ཁྲིམས་ལྟར་ན། གལ་ཏེ་ཧྲའོ་ཨར་ཚི་ཡིས་ཡིད་རྟོན་འདེམ་ཤོག་ཁྲོད་རྒྱལ་ཁ་ལེན་མ་ཐུབ་ན། ཙུང་ཐུང་གིས་ཙུང་ལིའི་བསམ་ཚུལ་ལྟར་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གཏོར་ཆོག་ཅིང་། ཉིན་དྲུག་ཅུའི་ནང་དུ་སྐབས་གསར་བའི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་འདེམ་བསྐོ་བྱས་ནས། ཙུང་ལི་གསར་བའི་འདེམ་སྒུག་པ་གཏན་ཁེལ་བྱས་ཆོག ཉེ་སྔོན་སྤྱི་ཚོགས་དམངས་གཙོ་ཏང་དང་། ལྗང་མདོག་ཏང་། ཆེས་ཆེ་བའི་ཙའེ་ཡེ་ཏང་ཅི་ཏུའུ་ཆོས་ལུགས་ཀྱི་དམངས་གཙོ་མནའ་འབྲེལ་བཅས་ཀྱི་སྤེལ་བའི་གྲོས་མོལ་མཇུག་འབྲས་ལྟར་ན། སྐབས་གསར་པའི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གི་འདེམ་བསྐོ་དེ་སང་ལོའི་ཟླ2ཚེས23ཉིན་སྤེལ་རྒྱུ་རེད།
ཉེ་སྔོན་མཉམ་ལས་ཡིད་ཆེས་ཀྱི་རྨང་གཞི་ཞན་པའི་རྐྱེན་གྱིས། ཧྲའོ་ཨར་ཚི་ཡིས་ཟླ11ཚེས6ཉིན་རང་དབང་དམངས་གཙོ་ཏང་གི་ཀྲུའུ་ཞི་ལིན་ཏི་ན་ཡི་ནོར་སྲིད་པུའུ་ཀྲང་གི་འགན་གནས་བླངས་པ་དང་། དེར་མཐུད་རང་དབང་དམངས་གཙོ་ཏང་གིས་སྤྱི་ཚོགས་དམངས་གཙོ་ཏང་དང་། ལྗང་མདོག་ཏང་བཅས་ཀྱིས་གྲུབ་པའི་མཉམ་འབྲེལ་སྲིད་གཞུང་ལས་ཕྱིར་བུད་པ་ཁྱབ་བསྒྲགས་བྱས། དོན་དག་དེའི་གཞུག་ནས་འཇར་མན་གྲངས་ཉུང་ཕྱོགས་ཁག་སྲིད་གཞུང་གིས་སྲིད་འཛིན་པའི་རྣམ་པར་གནས་ཡོད། འཇར་མན་གྱི་གླེང་ཕྱོགས་ལས། ཐེངས་འདིའི་ཡིད་རྟོན་འདེམ་ཤོག་ནི་ཧྲའོ་ཨར་ཚི་ཡིས་འདེམ་བསྐོ་སྔ་སྣུར་གྱིས་བྱེད་པ་དང་འདེམ་བསྐོའི་ཁྲོད་བསྟུད་འགན་ཁུར་ཐུབ་པར་རྨང་གཞི་འདིང་ཆེད་རེད་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注