ཕུའུ་ཅིན་གྱིས་ཨུ་རུ་སིས་ཨ་རིས་འབྲིང་འཕེན་འཕུར་མདེལ་བཀོད་སྒྲིག་བྱས་པར་སེམས་ཁུར་བྱེད་ཀྱིན་ཡོད་ཟེར།

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས16ཉིན་བཤད་རྒྱུར། ཨུ་རུ་སིས་ཨ་རིས་འབྲིང་འཕེན་འཕུར་མདེལ་བཀོད་སྒྲིག་བྱས་པར་སེམས་ཁུར་བྱེད་ཀྱིན་ཡོད་ཟེར།

ཨུ་རུ་སིའི་ཙུང་ཐུང་དྲ་ཚིགས་ཀྱིས་ཚེས16ཉིན་ཕུའུ་ཅིན་གྱིས་ཉིན་དེར་ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡི་རྒྱས་འཛོམས་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་སྤེལ། ཕུའུ་ཅིན་གྱིས་བཤད་རྒྱུར། ཨ་རིས་མདུན་ཕྱོགས་ཁུལ་ཁོངས་སུ་འཕེན་ཚད་སྤྱི་ལེ5500ནང་ཚུན་གྱི་སྐམ་སའི་རྡུང་རྡེག་མ་ལག་ཅིག་བཀོད་སྒྲིག་བྱས་པས། ཨུ་རུ་སི་ཡིས་དེར་སེམས་ཁུར་བྱེད་ཀྱིན་ཡོད། ཨ་རི་འབྲིང་འཕེན་འཕུར་མདེལ་བཀོད་སྒྲིག་མི་བྱེད་པའི་ཆིངས་ཡིག་ལས་བུད་རྗེས། ཨུ་རུ་སི་ཕྱོགས་ཀྱིས་ཕྱོགས་གཅིག་གི་ངོས་ནས་འབྲེལ་ཡོད་དོན་ཚན་ལག་བསྟར་བྱས་པ་དང་། གལ་ཏེ་ཨ་རིས་མཚོན་ཆ་དེའི་རིགས་བཀོད་སྒྲིག་བྱེད་མགོ་བརྩམས་ན། ཨུ་རུ་སི་ཕྱོགས་ཀྱིས་འབྲེལ་ཡོད་ཚོད་འཛིན་མེད་པར་གཏོང་རྒྱུ་ཡིན་ཟེར།

ཕུའུ་ཅིན་གྱིས་བསྟན་དོན། མིག་སྔའི་གོ་ལ་ཧྲིལ་བོའི་ཆབ་སྲིད་དམག་དོན་གནས་བབ་རྙོག་འཛིང་ཆེ་ལ་གཏན་འཇགས་མིན་ཕྱིར། ཆབ་སྲིད་གནས་བབ་ཉིན་བཞིན་ཛ་དྲག་ཏུ་འགྱུར་བཞིན་པའི་གནས་ཚུལ་ལ་འདང་བརྒྱབ་ནས། ཨུ་རུ་སིས་མུ་མཐུད་དུ་བྱེད་ཐབས་སྤྱད་དེ་རང་དང་གྲོགས་པོའི་བདེ་འཇགས་ལ་འགན་སྲུང་བྱེད་རྒྱུ་ཡིན། ཨུ་རུ་སིའི་ཕྱོགས་དམག་དོན་འགྲན་རྩོད་ཁྲོད་ཡོངས་སུ་ཞུགས་རྒྱུ་མིན་ལ། རྒྱལ་ཁབ་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་གནོད་འཚེ་ཐེབས་པར་གཡོལ་ཅི་ཐུབ་བྱ་རྒྱུ་ཡིན་ཟེར།

ཕུའུ་ཅིན་གྱིས་བསྟན་དོན།  ཨུ་རུ་སི་ཡིས་དམག་དཔུང་གི་མཚོན་ཆ་དང་སྒྲིག་ཆས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བཞིན་ཡོད། དེང་རབས་ཅན་གྱི་མཚོན་ཆས་ཨུ་རུ་སིའི་འཐབ་ཇུས་སྟོབས་ཤུགས་གཙོ་བོའི་ཁྲོད་ཀྱི་ཟིན་ཚད་བརྒྱ་ཆའི་གོ་ལྔར་སླེབས་ཡོད། ཨུ་རུ་སིའི་ཕྱོགས་ཀྱིས་མི་འགྱངས་པར་སྒྲ་དང་མྱུར་ཚད་མཐོ་བའི་འཕུར་མདེལ་གྱི་ཐོན་ཚད་ལ་ཁག་ཐེག་བྱེད་རྒྱུ་ཡིན་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号