ཧན་གོའི“ཐུན་མོང་རྩད་ཞིབ་སྤྱི་ཁྱབ་པུའུ”ཡིས་ཙུང་ཐུང་དབྱིན་ཞི་ཡུའེ་འབོད་འགུག་བྱས།
ཧན་གོའི་སྨྱན་བྱད་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཧན་གོའི་ཉེན་རྟོག་ཐིན་རྒྱལ་ཁབ་རྩད་ཞིབ་ལྟེ་གནས་དང་མཐོ་རིམ་གཞུང་ཞབས་པའི་ཉེས་གསོག་རྩད་གཅོད་ཞིབ་འཇུག་ཁྲུའུ། རྒྱལ་སྲུང་པུའུ་ཡི་རྩད་ཞིབ་ལྟེ་གནས་བཅས་ཀྱིས་མཉམ་འབྲེལ་སྒོས་བཙུགས་པའི། “ཐུན་མོང་རྩད་ཞིབ་སྤྱི་ཁྱབ་པུའུ”ཡིས་ཚེས16ཉིན། ནང་ཁུལ་གྱི་ཟིང་འཁྲུག་དང་འགན་དབང་གང་བྱུང་དུ་སྤྱད་པ་རྒྱུ་མཚན་དུ་བཟུང་ནས། ཧན་གོའི་ནག་ཉེས་ཐེར་འདོན་གྱི་ཙུང་ཐུང་དབྱིན་ཞི་ཡུའེ་ཡིས་ཚེས18ཉིན་རྩད་ཞིབ་དང་ལེན་བྱེད་དགོས་པའི་བླང་བྱ་བཏོན།
ཉིན་དེའི་སྔ་ཉིན། ཧན་གོའི་ཞིབ་དཔྱོད་ཐིན་གྱི་ཛ་དྲག་ཉེན་ཟོན་དམ་བསྒྲགས་དམིགས་བསལ་རྩད་གཅོད་ཞིབ་འཇུག་པུའུ་ཡིས་བཤད་རྒྱུར། ཚེས11ཉིན་དབྱིན་ཞི་ཡུའེ་ལ་བརྡ་བཏང་ནས། ས་དེའི་དུས་ཚོད་ཚེས15ཉིན་གྱི་སྔ་དྲོའི་དུས་ཚོད་བཅུའི་སྟེང་དུ་རྩད་ཞིབ་དང་ལེན་བྱེད་དགོས་པའི་བླང་བྱ་བཏོན་ནའང་། དབྱིན་ཞི་ཡུའེ་ཡིས་དེ་ལ་ལན་མ་བྱིན་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注