ཨ་རིའི་ཅ་ལི་ཧྥུའུ་ཉི་ཡ་མངའ་སྡེའི་ལྷོ་རྒྱུད་རི་ཁུལ་དུ་མེ་སྐྱོན་བྱུང་བ་ལས་མི་ཁྲི་གཉིས་ཙམ་ཁ་འགྲེམ་བཏང་།

ཚེས9ཉིན་གྱི་དགོང་མོ། ཨ་རིའི་ཅ་ལི་ཕུའུ་ཉི་ཡ་མངའ་སྡེའི་ལྷོ་རྒྱུད་ཀྱི་ལུའོ་ཧྲན་ཅི་རྫོང་གི་མ་ལི་པུའུ་ས་ཁུལ་གྱི་རི་མགོར་མེ་སྐྱོན་བྱུང་ནས་མེ་ལྕེ་མགྱོགས་མྱུར་གྱིས་མཆེད་བཞིན་ཡོད། ཚེས10ཉིན་གྱི་དགོང་མོའི་བར་དུ་མེ་ལ་ཤོར་བའི་རྒྱ་ཁྱོན་སྤྱི་ཆིང1100ལས་བརྒལ་ནས།  མི་ཁྲི་གཉིས་ཙམ་ཁ་འགྲེམས་བཏང་བ་དང་མེ་སྐྱོན་གྱིས་བཟོ་སྐྲུན་དངོས་པོ་ཁག་ཅིག་ལའང་གཏོར་སྐྱོན་ཐེབས་ཡོད།  མིག་སྔར་མི་སྣ་ཤི་རྨས་ཀྱི་སྙན་ཞུ་ཅི་ཡང་འབྱོར་མེད།

ཅ་ལི་ཧྥུའུ་ཉི་ཡ་མངའ་སྡེའི་ནགས་ལས་དང་མེ་ཟོན་ཅུའུ་ཡིས་བཤད་རྒྱུར།  རི་ཁུལ་གྱི་མེ་སྐྱོན་དེ་རླུང་ཆེན་གཡུགས་པ་དང་བསྟུན་ནས་མུ་མཐུད་དུ་མཆེད་བཞིན་ཡོད་ཅིང་། མེ་ཟོན་མི་སྣ1500ལྷག་ཙམ་གྱིས་ཡུལ་དངོས་སུ་ནུས་ཤུགས་ཡོད་རྒུས་མེ་གསོད་བཞིན་ཡོད། འོན་ཀྱང་རི་ངོས་གཡང་གཟར་ཆེ་ལ་བརླན་ཚད་དམའ་བ་སོགས་ཀྱི་དབང་གིས་རི་ལྡེབས་ཀྱི་མེ་འབར་ཤུགས་ཇེ་ཆེར་སོང་ནས། མེ་ཟོན་མི་སྣ་རྣམས་དཀའ་ངལ་དང་འགྲན་སློང་ཆེན་པོར་འཕྲད་ཡོད། ཚེས10ཉིན་གྱི་དགོང་མོའི་བར་སྔར་བཞིན་མེ་སྐྱོན་ལ་ཚོད་འཛིན་ནུས་ལྡན་ཐུབ་མེད།

ལུའོ་ཧྲན་ཅི་རྫོང་གི་ཉེན་རྟོག་ཕྱོགས་ཀྱིས་གྲོང་མི་ཁྲི་གཅིག་དང་སྟོང་བརྒྱད་ལྷག་ཙམ་མྱུར་དུ་ཁ་འགྲེམས་བྱས་པ་དང་། བཟོ་སྐྲུན8000ལྷག་ཙམ་ལ་མེ་སྐྱོན་ཐེབས་པའི་ཉེན་ཁར་ཐུག་ཡོད་ལ་ཁྱིམ་ཚང་ཁྲི་ཕྲག་ལྷག་ལ་གློག་ཤུགས་མཁོ་འདོན་བྱེད་ཐུབ་ཀྱི་མེད།

ཅ་ལི་ཧྥུའུ་ཉི་ཡ་མངའ་སྡེའི་འགོ་གཙོ་ཉིའུ་སིན་གྱིས་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གྱི་འཕྲལ་སྒྲུབ་བྱ་བའི་དོ་དམ་ཅུའུ་ཡིས་དངུལ་སྒོར་བཏང་ནས་མེ་གསོད་ཐོན་ཁུངས་བཀོད་གཏོང་ཐད་སྤྱད་ཡོད་ཟེར།

ཨ་རིའི་རྒྱལ་ཁབ་གནམ་གཤིས་ཅུའུ་ཡི་སྔོན་བརྡ་ལས་མངོན་པ་ལྟར་ན། ཅ་ལི་ཧྥུའུ་ཉི་ཡ་མངའ་སྡེའི་ལྷོ་རྒྱུད་ས་ཁུལ་དུ་མུ་མཐུད་དུ་རླུང་ཆེན་གཡུག་རྒྱུ་ཡིན་པ་དང་། མེར་ཤོར་བའི་རུ་ཁུལ་དུ་ཉུང་མཐར་ཡང་ཚེས11ཉིན་བར་རླུང་གཡུག་རྒྱུ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号