ཨ་རིས་སི་རི་ཡའི“ཧྲ་མུའུ་བཅིངས་འགྲོལ་རྩ་འཛུགས”དེ་འཇིགས་སྐུལ་རྩ་འཛུགས་ཀྱི་མིང་ཐོ་ལས་ཕྱིར་འབུད་བྱ་རྒྱུ་ཡིན་པ།
ཚེས8ཉིན། ཨ་རིའི་སྲིད་གཞུང་གི་མིང་བཤད་མི་འདོད་པའི་མཐོ་རིམ་དཔོན་རིགས་ཤིག་གིས་ཨ་རིའི་སྲིད་གཞུང་གིས་སི་རི་ཡའི“ཧྲ་མུའུ་བཅིངས་འགྲོལ་རྩ་འཛུགས”དེ་ཨ་རིས་གཏན་འཁེལ་བྱས་པའི་འཇིགས་སྐུལ་རྩ་འཛུགས་ཀྱི་མིང་ཐོའི་ནང་ནས་ཕྱིར་འབུད་བྱས་ཏེ། དེ་དང་འབྲེལ་བ་དམ་ཟབ་འཛུགས་ཆེད་ཨ་རི་སྲིད་གཞུང་གིས་ཕྱིར་འབུད་བྱ་རྒྱུ་ཡིན་ཞེས་བསྒྲགས།
ཚེས8ཉིན། དཔོན་རིགས་དེས་ཨ་རིའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་རྩ་འཛུགས་བྱས་པའི་སྨྱན་བྱད་བརྡ་གཏོང་ཚོགས་འདུའི་སྟེང་ཨ་རི་ཕྱོགས་ཀྱིས“ཧྲ་མུའུ་བཅིངས་འགྲོལ་རྩ་འཛུགས”ཚུད་པའི་ངོ་རྒོལ་ཕྱོགས་ཁག་དང་དྲག་ཆས་འབྲེལ་གཏུག་བྱེད་པའི་བརྒྱུད་རིམ་ནང“དངོས་ཡོད་གནས་ཚུལ་ལ་གཞིགས་པ་དང་། གཟབ་ནན་དང་དངོས་སྒྲུབ་ཀྱི་རྣམ་འགྱུར་གྱིས་ཐག་གཅོད་ཡང་དག་བྱ་རྒྱུ་ཡིན”ཞེས་བཤད་པ་རེད།
དཔོན་རིགས་དེས“ཧྲ་མུའུ་བཅིངས་འགྲོལ་རྩ་འཛུགས”ནི་སི་རི་ཡ་སྲིད་གཞུང་གི་བར་བརྒལ་འཕེལ་རིམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཨ་རིའི་ཁེ་ཕན་དང་མཐུན་པའི་སྔོན་འགྲོའི་ཆ་རྐྱེན་འོག ཨ་རི་སྲིད་གཞུང་གིས་བྱེད་ཐབས་འོས་འཚམ་གྱི་སྟེང་ནས་དེ་དང་འབྲེལ་བ་བྱེད་འདོད་ཡོད་ཅེས་བཤད་པ་རེད།
2018ལོར་ཨ་རི་སྲིད་གཞུང་གིས“ཧྲ་མུའུ་བཅིངས་འགྲོལ་རྩ་འཛུགས”དེ་འཇིགས་སྐུལ་རྩ་འཛུགས་ལ་གཏན་འཁེལ་བྱས་པ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注