དབྱི་སི་རལ་གྱི་ཙུང་ལིས་སི་རི་ཡའི་བར་བརྒལ་སྲིད་གཞུང་དང་འབྲེལ་བ་འཛུགས་འདོད་ཡོད་པར་བསྟན།

དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ཉི་ཡཱ་ཧུའུ་ཡིས་ཚེས10ཉིན་གྱི་དགོང་མོར་བརྙན་རིས་གཏམ་བཤད་སྤེལ་ནས་བཤད་རྒྱུར། དབྱི་སི་རལ་གྱིས་སི་ར་ཡའི་བར་བརྒལ་སྲིད་གཞུང་དང་འབྲེལ་བ་འཛུགས་འདོད་ཡོད་མོད། གལ་ཏེ་སི་རི་ཡས་དབྱི་སི་རལ་ལ་འཇིགས་སྣང་བསྐུལ་ཚེ། དབྱི་སི་རལ་གྱིས་ཐེ་ཚོམ་མེད་པར་དཔུང་འཇུག་བྱ་རྒྱུ་ཡིན་ཟེར།

ནེ་ཐཱ་ཉི་ཡཱ་ཧུའུ་ཡིས་བསྟན་དོན། གལ་ཏེ་སི་རི་ཡའི་སྲིད་དབང་གསར་པས་དབྱི་ལང་གིས་སི་རི་ཡས་སྟོབས་ཤུགས་བསྐྱར་འཛུགས་བྱེད་དུ་བཅུག་པ་དང་། ལེ་པ་ནུན་ཀྲིན་ཀྲུའུ་ཏང་ལ་དབྱི་ལང་གི་མཚོན་ཆ་བཙོང་བ། ཡང་ན་དབྱི་སི་རལ་ལ་དཔུང་འཇུག་བྱས་ཚེ། དབྱི་སི་རལ་གྱིས་ངོ་རྒོལ་དྲག་པོ་བྱེད་པར་མ་ཟད་གྱོད་གུད་ཚབས་ཆེན་བཟོ་རྒྱུ་ཡིན། དབྱི་སི་རལ་གྱིས་བསམ་བཞིན་དུ་སི་རི་ཡའི་ནང་སྲིད་ལ་ཐེ་གཏོགས་བྱས་པ་མིན་མོད། འོན་ཀྱང་ངེས་པར་དུ་ནུས་པ་ཡོད་རྒུ་བཏོན་ནས་དབྱི་སི་རལ་གྱི་བདེ་འཇགས་ལ་ཁག་ཐེག་བྱ་རྒྱུ་ཡིན་ཟེར།

སི་རི་ཡའི་སྨྱན་བྱད་ཀྱིས་ཚེས10ཉིན་བསྒྲགས་པ་ལྟར་ན། མུའུ་ཧན་མཱོ་ཏི·པཱ་ཞིས་ཨར་ལྟ་སྲུང་ཙུང་ལི་ཡིན་པའི་སི་རི་ཡའི་བར་བརྒལ་སྲིད་གཞུང་གིས་ཉིན་དེར་དབང་ཆ་རྩིས་ལེན་བདག་སྤྲོད་བྱས་པ་དང་། གནས་སྐབས་སུ་ཡུན་ཚད2025ལོའི་ཟླ3པའི་ཚེས1ཉིན་བར་གཏན་འཁེལ་བྱས་ཟེར།

སྤྱིའི་ལས་ཁུངས་དབྱིན་ཇིར་ཡོད་པའི་སི་རི་ཡའི་མི་དབང་ལྟ་ཞིབ་རྩ་འཛུགས་དྲ་ཚིགས་ཀྱིས་ཚེས10ཉིན་གནས་ཚུལ་སྤེལ་ནས་བཤད་རྒྱུར། སི་རི་ཡའི་ངོ་རྒོལ་ཕྱོགས་ཁག་དྲག་ཆས་མི་སྣས་ཚེས8ཉིན་ཏཱ་མ་སི་ཁུ་བཅིངས་འགྲོལ་བཏང་བར་མ་ཟད་ཨཱ་ས་ཏིའི་སྲིད་དབང་མགོ་རྟིང་བསློགས་པ་ཁྱབ་བསྒྲགས་བྱས་པའི་ཚུན་ལ། དབྱི་སི་རལ་གྱིས་སི་རི་ཡར་བར་སྣང་འཇབ་རྒོལ་ཕལ་ཆེར་ཐེངས320བྱས་ནས། སི་རི་ཡའི་ས་ཁུལ་གྱི་དམག་དོན་སྒྲིག་ཆས་གཙོ་བོ་མང་པོ་ཞིག་རྩ་བརླག་ཏུ་བཏང་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号