སི་རི་ཡའི་བར་བརྒལ་སྲིད་གཞུང་གིས་དངོས་སུ་དབང་ཆ་བདག་འཛིན་བྱས།

སི་རི་ཡའི་སྨྱན་བྱད་ཀྱིས་ཚེས10ཉིན་སྤེལ་བའི་གསར་འགྱུར་ལྟར་ན། ལྟ་སྲུང་ཙུང་ལི་མུའུ་ཧན་མོ་ཏི་པ་ཞི་ཨར་གྱིས་སི་རི་ཡའི་བར་བརྒལ་སྲིད་གཞུང་གིས་ཉིན་དེར་དངོས་སུ་དབང་ཆ་བདག་འཛིན་བྱས་ཤིང་། བདག་འཛིན་དུས་ཡུན་གནས་སྐབས་སུ2025ལོའི་ཟླ3ཚེས1ཉིན་བར་རེད།

སི་རི་ཡ་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་སྤྱི་ཚོགས་སྨྱན་བྱད་སྟེང་ཉིན་དེར་མུའུ་ཧན་མོ་ཏི་པ་ཞི་ཨར་གྱིས་སྤེལ་བའི་གསལ་བསྒྲགས་དྲངས་ནས་བཤད་རྒྱུར། དེ་རིང་ང་ཚོས་ནེ་ཀིའི་གྲོས་ཚོགས་བསྡུས་པ་དང་། སི་རི་ཡའི་རྒྱལ་སྐྱོབ་སྲིད་གཞུང་དང་སྲིད་གཞུང་སྔོན་མའི་ཁོངས་མི་ཞུགས་ཡོད་ཟེར་ཞིང་། གྲོས་ཚོགས་ཀྱི་གྲོས་གཞི་གཙོ་བོ་ནི་ཆབ་སྲིད་བར་བརྒལ་གྱི་འཕེལ་རིམ་ལ་གཞོགས་འདེགས་བྱས་ཏེ། ཡིག་ཆ་དང་ལས་ཁུངས་འགན་ནུས་བརྗེ་སྤྲོད་བྱེད་རྒྱུ་དེ་ཡིན་ཟེར།

སི་རི་ཡའི་ས་གནས་དེའི་སྨྱན་བྱད་ཀྱིས་ཚེས9ཉིན་གསར་འགྱུར་སྤེལ་བ་ལྟར་ན། ངོ་རྒོལ་ཕྱོགས་ཁག་གིས་སི་རི་ཡའི་རྒྱལ་སྐྱོབ་སྲིད་གཞུང་གི་མུའུ་ཧན་མོ་ཏི་པ་ཞི་ཨར་གྱིས་རྩ་འཛུགས་བྱས་པའི་སི་རི་ཡའི་བར་བརྒལ་སྲིད་གཞུང་ལ་དབང་ཆ་བསྩལ་ཟེར། ཡོངས་བསྒྲགས་རྒྱུ་ཆ་ལས་མངོན་པ་ལྟར་ན། སི་རི་ཡའི་རྒྱལ་སྐྱོབ་སྲིད་གཞུང་དེ་སི་རི་ཡའི་སི་རི་ཡ་བཅིངས་འགྲོལ་མནའ་འབྲེལ་ཅེས་པའི་རྒྱབ་སྐྱོར་ལ་བརྟེན་ནས2017ལོར་བཙུགས་ཤིང་། མུའུ་ཧན་མོ་ཏི་པ་ཞི་ཨར་གྱིས་ད་ལོའི་ལོ་མགོར་སི་རི་ཡའི་རྒྱལ་སྐྱོབ་སྲིད་གཞུང་གི་ཙུང་ལི་ཡི་འགན་ཁུར། སི་རི་ཡ་བཅིངས་འགྲོལ་མནའ་འབྲེལ་དེ་ཐེངས་འདིར་པ་ཧྲ་ཨར་ཨ་ས་ཏི་སྲིད་གཞུང་རྩ་སློག་བྱེད་པའི་གཙོ་ཤུགས་ཡིན་པར་འདོད་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号