ཨེ་ཨར་ཏའོ་ཨཱན་གྱིས་ཐུར་ཁེ་ཡིས་སི་རི་ཡ་ཡང་བསྐྱར་ཁ་ཐོར་བ་དང་ལེན་མི་བྱེད་ཟེར།

ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨཱན་གྱིས་ཚེས10ཉིན་བསྟན་དོན། ཐུར་ཁེ་ཡིས་སི་རི་ཡ་ཡང་བསྐྱར་ཁ་ཐོར་བ་དང་ལེན་མི་བྱེད་ཟེར།

ཨེ་ཨར་ཏའོ་ཨཱན་གྱིས་ཉིན་དེར་སྲིད་སྐྱོང་ཏང་གི་དྲང་བདེན་དང་འཕེལ་རྒྱས་ཏང་གི་ཏང་པུའུ་གྲོས་ཚོགས་སྟེང་བསྟན་དོན། ཐུར་ཁེ་ཡིས་སི་རི་ཡ་ཡང་བསྐྱར་ཁ་ཐོར་བ་དང་ལེན་མི་བྱེད་ལ། རྒྱལ་ཁབ་འདིའི་མངའ་ཁོངས་ཡང་བསྐྱར་རྡུང་གཏུག་ཁུལ་དུ་འགྱུར་བར་གཏན་ནས་འཐད་པ་མིན་ཟེར།

ཨེ་ཨར་ཏའོ་ཨཱན་གྱིས་ཡང་བསྐྱར་བཤད་རྒྱུར། ཐུར་ཁེ་ཡིས་སི་རི་ཡའི་མི་སེར་གྱི་ལངས་ཕྱོགས་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་པ་དང་། ཐུར་ཁེ་ཡིས་སི་རི་ཡའི་མི་སེར་ཁྱིམ་དུ་ལོག་པར་བཀག་འགོག་བྱེད་པའི་བྱ་སྤྱོད་ཚང་མ་དང་ལེན་མི་བྱེད་ཟེར།

2011ལོར་སི་རི་ཡར་ནང་འཁྲུག་བྱུང་བའི་ཚུན་ལ། སི་རི་ཡའི་མང་ཚོགས་ཁྲི་སྟོང་མང་པོ་ཁྱིམ་མཚེས་རྒྱལ་ཁབ་ཐུར་ཁེ་དང་དབྱི་རག ཅོར་ཏན། ལེ་པ་ནུན་སོགས་ལ་བྲོས་ནས་འགེབས་སྲུང་བྱེད་པའི་རེ་བ་བཏོན། ཐུར་ཁེའི་གཞུང་ཕྱོགས་ཀྱི་སྡོམ་རྩིས་ལྟར་ན། ཐུར་ཁེའི་ས་ཁུལ་དུ་ཐོ་འགོད་བྱས་པའི་སི་རི་ཡའི་མི་སེར་ས་ཡ་གསུམ་དང་འབུམ་ལྔར་ཉེ་བ་ཡོད་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号